འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་4ཉིན།

༄༅༎ཕོ་བྲང་པོ་ཏ་ལའི་ལོ་འཁོར་གྱི“རྣམ་པ་མཛེས་བཟོ”

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་04ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་དཀར་རག་གསོལ་མཁན་གྱིས་ཕོ་བྲང་པོ་ཏ་ལའི་ཕྱིའི་གྱང་ལ་དཀར་རག་གསོལ་བཞིན་ཡོད་པ།
འདི་ནི་དཀར་རག་གསོལ་མཁན་གྱིས་ཕོ་བྲང་པོ་ཏ་ལའི་ཕྱིའི་གྱང་ལ་དཀར་རག་གསོལ་བཞིན་ཡོད་པ།
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཕོ་བྲང་པོ་ཏ་ལའི་ལོ་གཅིག་དུས་གཅིག་གི་དཀར་རག་གསོལ་བའི་ལས་འགོ་ཚུགས་པ་རེད། དེ་ནི་ཕོ་བྲང་པོ་ཏ་ལའི་ལོ་འཁོར་གྱི་འཆར་ཅན་གྱི“རྣམ་པ་མཛེས་བཟོ”ཞིག་ཀྱང་ཡིན་པ་རེད། ལས་ཡུལ་དུ་ཨར་ལས་མི་སྣ་60དང་འོས་འགན་ལས་མི་བརྒྱ་ཕྲག་ཁ་ཤས་ཀྱིས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་ཡོད་པ་རེད། སྐེད་པར་བདེ་འཇགས་ཐག་པ་བསྒར་བའི“སྡོམ་མིས”མཐོ་ཚད་སྨི་བརྒྱ་ཙམ་ཡོད་པའི་གྱང་སྟེང་ཐོག་དཀར་རག་གསོལ་བས་ཐུན་མོང་མིན་པའི་མཛེས་ལྗོངས་ཞིག་ཏུ་གྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དཀར་རག་གསོལ་རིང་ཕོ་བྲང་པོ་ཏ་ལ་རྒྱུན་གཏན་ལྟར་ཡུལ་སྐོར་བར་སྒོ་ཕྱེ་ཡི་ཡོད་པ་རེད།