འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་4ཉིན།

༄༅།།ནེ་པ་ལའི་དབུས་རྒྱུད་དུ་འགྲིམ་འགྲུལ་གེགས་བར་ཞིག་ཐོན་ནས་ཉུང་མཐར་ཡང་མི་17རྐྱེན་
ལམ་དུ་ཤོར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་04ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན། ནེ་པ་ལའི་ཉེན་རྟོགས་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ནེ་པ་ལར་ཉིན་དེར་འགྲིམ་འགྲུལ་དོན་རྐྱེན་ཆེན་པོ་ཞིག་ཐོན་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཞིག་འཕྲང་ལམ་ནས་ཆུ་བོའི་ནང་ལྷུང་སྟེ་ཉུང་མཐར་ཡང་མི་17རྐྱེན་ལམ་དུ་ཤོར་བས་དེའི་ཁྲོད་བྱིས་པ་7ཡོད་པ་དང་། གཞན་ཡང་མི་50ལ་རྨས་སྐྱོན་ཕོག་ཡོད་པ་རེད།  རྨས་སྐྱོན་ཕོག་པའི་མི་མང་ཆེ་བའི་རྨས་སྐྱོན་ཚབས་ཆེ་ཙམ་ཡོད། དོན་རྐྱེན་ཐོན་ཡུལ་ནི་ནེ་པ་ལའི་ཞི་ཏུའུ་ཕར་ཆའོ་ཁེ་རྫོང་དུ་ཡིན་པ་རེད།
ཉེན་རྟོགས་ཕྱོགས་ཀྱིས། མིག་སྔར་འགྲིམ་འགྲུལ་དོན་རྐྱེན་འདིའི་བྱུང་རྐྱེན་གཏན་འཁེལ་བྱུང་མེད་པས།  ཉེན་རྟོགས་ཕྱོགས་ཀྱིས་ཡུལ་དངོས་སུ་རྟོག་ཞིབ་བྱེད་བཞིན་ཡོད་ཅེས་བཤད།