འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་4ཉིན།

༄༅།།སློབ་གསོ་པུས་“ཁྲི་ཟུང་གི་འཆར་གཞི”ལག་བསྟར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་04ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན། ཉེ་སྔོན་འགྲེམས་སྤེལ་བྱས་པའི་《སློབ་གསོ་པུས་དངོས་གཞིའི་ཚན་ཁག་རྩེ་འདྲའི་སློབ་ཚན་འཛུགས་སྐྲུན་སྐོར་གྱི་བསམ་འཆར》ལ་གཞིགས་ནས། སློབ་གསོ་པུས་དངོས་གཞིའི་ཚན་ཁག་རྩེ་གྲའི་སློབ་ཚན་ལ་“ཁྲི་ཟུང་གི་འཆར་གཞི”ལག་བསྟར་བྱས་ནས། རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་རྩེ་གྲའི་སློབ་ཚན་ཁྲི་ཙམ་དང་ཞིང་ཆེན་རིམ་པའི་དངོས་གཞིའི་ཚན་ཁག་རྩེ་གྲའི་སློབ་ཚན་ཁྲི་ལྷག་ངོས་འཛིན་བྱས་ཡོད།
 དེའི་ཁྲོད།  རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དངོས་གཞིའི་ཚན་ཁག་རྩེ་གྲའི་སློབ་ཚན་ཁྲི་ཙམ་ངོས་འཛིན་བྱས་པ་ནི། གཙོ་བོ་གསར་གཏོད་རྣམ་པ་དང་། མཉམ་འདུས་རྣམ་པ། ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སློབ་ཚན་འཛུགས་སྐྲུན་གྱི་གསར་གཏོད་རང་བཞིན་དང་། དཔེ་མཚོན་རང་བཞིན། རྒྱ་བསྐྱེད་རང་བཞིན་དམ་དུ་བཟུང་ནས། མཐོ་སློབ་ཏུ་གསོ་སྐྱོང་འཛུགས་སྐྲུན་གྱི་རྨང་གཞིའི་ཐོག 2019ལོ་ནས་2021ལོའི་བར། རྒྱལ་ཁབ་རིམ་པའི་དྲ་ཐོག་གི་སློབ་ཚན་རྩེ་གྲ་4000ཙམ་དང་། རྒྱལ་ཁབ་རིམ་པའི་དྲ་ཕྱིའི་སློབ་ཚན་རྩེ་གྲ་4000ཙམ། རྒྱལ་ཁབ་རིམ་པའི་དྲ་ཐོག་དང་དྲ་ཕྱི་མཉམ་བསྲེས་རང་བཞིན་གྱི་སློབ་ཚན་རྩེ་གྲ་6000ཙམ། དངོས་ལྟར་འདྲ་བཟོ་བྱས་པའི་ཚོད་ལྟའི་སློབ་ཁྲིད་ཀྱི་སློབ་ཚན་རྩེ་གྲ་1500ཙམ།   རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ལག་ལེན་གྱི་སློབ་ཚན་རྩེ་གྲ་1000ཙམ་གྱི་ངོས་འཛིན་ལས་ཀ་ལེགས་འགྲུབ་བྱས་ཡོད།