འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་4ཉིན།

༄༅།།ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་འཛམ་གླིང་ལ་ཉམས་མྱོང་དང་བློ་འབྱེད་གསར་པ་
སྦྱིན་ཐུབ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་04ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་གློག་འཕྲིན་འབྱོར་གསལ། “ངས་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་འཛམ་གླིང་ལ་ཉམས་མྱོང་དང་བློ་འབྱེད་གསར་པ་སྦྱིན་ཐུབ་ངེས་ཡིན”ཞེས་ཀྲུང་གོར་2019ལོའི“ཀྲུང་གོ་ཤེས་རྟོགས་བྱེད”ཅེས་པའི་ཀོང་ཀྲོའུ་ཡི་རྒྱལ་སྤྱིའི་ཚོགས་འདུར་མ་ཞུགས་གོང་། དབྱིན་ཇིའི་ཅན་ཆའོ་སློབ་ཆེན་གྱི་མཐོ་རིམ་ཞིབ་འཇུག་པ་མ་ཏིང·ཡ་ཁེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བརྗོད་པ་རེད།
     ལོ་བཅུའི་གོང་། ནུབ་ཕྱོགས་ཀྱི་སློབ་གསོའི་ལས་རིགས་ཀྱི་འཕེལ་ཕྱོགས་གཙོ་བོའི་ལྟ་ཚུལ་གྱིས་ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་དེ་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ནུབ་ཕྱོགས་དང་དེ་བས་འདྲ་རུ་འགྲོ་བ་ཚོད་དཔག་བྱེད་སྐབས། ཡ་ཁེས་རང་ཉིད་ཀྱི་རྩོམ་ཡིག《ཀྲུང་གོས་འཛམ་གླིང་དབང་དུ་སྒྱུར་སྐབས》ཞེས་པའི་ནང་། ཀྲུང་གོས་ནུབ་ཕྱོགས་དང་མི་འདྲ་བའི་དམིགས་བསལ་གྱི་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད། དཔལ་འབྱོར་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་སྲིད་ཅེས་སྔོན་དཔག་གནད་ལ་འཁེལ་བ་བྱས་ཡོད།
     ད་ཆ། དཔེ་དེབ་འདི་སྐད་ཡིག་15ལ་ཕབ་སྒྱུར་དཔེ་སྐྲུན་བྱས་ནས་ཕྱིར་ཚོང་བྱེད་ཚད་ཁྲི་35ཟིན་ཡོད།
     ཡ་ཁེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། དེ་ནི་འཛམ་གླིང་ལོ་རྒྱུས་ཀྱི་བྱས་རྗེས་ངོ་མཚར་ནང་བཀོད་ཆོག “ད་ཆ། ཀྲུང་གོས་བྱེད་ཐབས་གསར་ཤོས་སྤྱད་དེ་རང་ཉིད་དང་འཛམ་གླིང་གི་འབྲེལ་བར་བསམ་གཞིག་བྱས་ནས་རང་ངོས་ཀྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་བློ་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ཇུས་གཞི་བཏོན་པའི”ངོས་འཛིན་བྱེད་ཀྱི་ཡོད།
     ཁོང་གིས“ངས་ཀྲུང་གོའི་འབྱུང་འགྱུར་ལ་སེམས་ཁྲལ་བྱེད་ཀྱི་མེད། ངས་སེམས་ཁྲལ་བྱེད་པ་ནི་ནུབ་ཕྱོགས་ཀྱི་འབྱུང་འགྱུར་ཡིན། ནུབ་ཕྱོགས་རྒྱལ་ཁབ་དང་ལྷག་པར་དུ་ཨ་རིས་ཀྲུང་གོ་དར་རྒྱས་ཁས་ལེན་པ་དང་དེ་བཞིན་རྒྱལ་སྤྱིའི་མ་ལག་ཁྲོད་ཀྱི་ཀྲུང་གོའི་གནས་བབ་གསར་པར་བསྟུན་པའམ་ཡང་ན། ཀྲུང་གོ་དར་རྒྱས་ཡོང་རྒྱུར་བཀག་འགོག་དང་ཐ་ན་ཀྲུང་གོ་དར་རྒྱས་ཡོང་རྒྱུར་གཏོར་བཤིག་གཏོང་རྒྱུའི་རེ་ངན་གང་ཞིག་འཆང་ངམ། གལ་ཏེ་རྗེས་མ་དེ་ཡིན་ན། དེ་ནི་ཧ་ཅང་ཐབས་རྡུགས་ཀྱི་གནས་ཚུལ་ཞིག་རེད”ཅེས་བརྗོད།
     ཡ་ཁེས་འཕེལ་རྒྱས་གཏོང་སྟངས་དང་། ཚད་ལྡན་ཚད་གཞི། རིན་ཐང་མ་ལག་སོགས་ཀྱི་ཐད་ནུབ་ཕྱོགས་ཀྱི་འཕེལ་རྒྱས་གཏོང་སྟངས་དང་མི་འདྲ་བས“འཛམ་གླིང་གིས་ཀྲུང་གོའི་ལྟ་སྟངས་ཐོག་ནས་ཀྲུང་གོར་ཤེས་རྟོགས་བྱེད་དགོས”ཀྲུང་གོ་དེ་གཞན་དང་མི་འདྲ་བའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད།
      ཡ་ཁེས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཀྲུང་གོའི་ཕྱི་ཕྱོགས་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་དེ་ལས་ཀྲུང་གོའི་འཛམ་གླིང་གི་ལྟ་བ་ཞིག་མངོན་གྱི་ཡོད། “ཀྲུང་གོའི་འབྱུང་འགྱུར་དེ་བས་ཡག་ཏུ་ཕྱིན་ནས་ཀྲུང་གོའི་སྐུལ་འདེད་འོག་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྱུར་ལྡོག་འགྲོ་སྲིད། འགྱུར་ལྡོག་དེ་འདྲ་ནི་དུས་གཅིག་ཏུ་བྱུང་བ་མ་ཡིན་པར་རིམ་བཞིན་བྱུང་བ་ཞིག་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད་པ་རེད།