འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་3ཉིན།

༄༅༎དངོས་ཞིབ་སྙན་ཞུ་ཞིག་གི་ཆེད་དུ་བཟོ་བཀོད་པ་ཟླ་བ་བཞི་ཙམ་འབྲེལ་བ་ཆད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་03ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། “ཟླ་བ་བཞི་ཙམ་འབྲེལ་བ་ཆད་པ་རེད་དམ། ང་ཚོས་ཧ་གོ་མ་བྱུང”ཞེས་པ་ཕ་ཡུས་ཅུང་གྲོངས་ནས་ལོ་མང་སོང་རྗེས། ཁོང་གི་སློབ་མ་ཞིག་གིས་གནས་ཚུལ་དེ་གླེང་སྐབས། བུ་མོ་རྒན་པ་ཡུས་ཞའོ་རུང་གིས་གཞི་ནས་པ་ཕ་སྐབས་དེ་དུས་ཁྲོན་བོད་གཞུང་ལམ་ཐོག་དངོས་ཞིབ་བྱེད་པར་བསྐྱོད་ནས་འབྲེལ་བ་ཆད་པའི་འདས་དོན་ཤེས་པ་དང་། ཁོ་མོས“ལོ་མང་པོ་དེ་འདྲའི་རིང་། ཁོང་གིས་ང་ལ་དེའི་སྐོར་བརྗོད་མྱོང་མེད”ཅེས་བཤད་པ་རེད།
     བཅིངས་འགྲོལ་མ་བཏང་གོང་། ཡུས་ཅུང་ནི་གཞུང་ལམ་ཐད་ཀྱི་རིགས་གཅིག་མཁས་ཅན་ཞིག་ཡིན་ཞིང་། 1950ལོར་ཁྲོན་བོད་གཞུང་ལམ་སྐྲུན་སྐབས། ཁོང་གིས་རང་འགུལ་ངང་བོད་དུ་ལས་ཀ་བྱེད་པར་སྐྱོད་པའི་རེ་བ་ཞུས་པ་རེད། པ་ཕ་བོད་རིགས་ས་ཁུལ་དུ་ལས་ཀ་བྱེད་པར་བསྐྱོད་པ་སྐབས་དེ་དུས་ལོ་4ལ་སོན་པའི་ཡུས་ཞའོ་རུང་ལ་བག་ཆགས་དེ་ཙམ་མེད་པ་དང་། ཁོ་མོའི་བློ་ལ་ལོ་གཅིག་ལ་པ་ཕ་ཐེངས་རེ་ལས་ཐུག་གི་མེད་པ་དེ་ལས་དྲན་གྱི་མེད།
     རྗེས་སུ་པ་ཕ་ནང་སར་ལས་སྒྱུར་བྱས་པ་དང་། མཉམ་དུ་དུས་ཚོད་རིང་པོ་གཤིབ་རྗེས། ཡུས་ཞའོ་རུང་གིས་ཁྲོན་བོད་གཞུང་ལམ་སྐྲུན་སྐབས་ནི་པ་ཕའི་མི་ཚེའི་ཁྲོད་ཀྱི་དཀའ་ཚེགས་ཆེ་ཤོས་ཀྱི་དུས་ཡིན་ལ། སྤོབས་སེམས་ཆེ་ཤོས་ཀྱི་དུས་ཀྱང་ཡིན་པ་གསལ་པོ་ཤེས་པ་རེད།
     1952ལོའི་སྟོན་ཀར། ཁྲོན་བོད་གཞུང་ལམ་ཆབ་མདོ་བར་འདིང་གྲབས་ཡོད་པའི་སྐབས་སུ། ལམ་ཐིག་འདེམས་པའི་དཀའ་ངལ་འཕྲད་ཅིང་། བཟོ་བཀོད་པ་ཡུས་ཅུང་གིས་རུ་ཆུང་ཞིག་གི་སྣེ་ཁྲིད་དེ་ཆབ་མདོ་ནས་ལྷ་ས་བར་གྱི་ལམ་ཐིག་ལ་དངོས་ཞིབ་བྱས་པ་རེད། མགྱོགས་ལམ་འཚོལ་ཆེད། ཁོང་ཚོས་ལ་62བརྒྱབ་པ་དང་། ཆུ་བོ་ཆེ་ཆུང་600ལྷག་ཙམ་སྒྲོལ་བ། བསྡུར་གཞི་ཡོད་པའི་ལམ་ཐིག་སྤྱི་ལེ་3200ལྷག་ཙམ་འཚོལ་ཞིབ་བྱེད་པ་བཅས་བྱས་པ་དང་འབྲེལ། ལོ་གཅིག་དང་ཟླ་བ་བཞིའི་ནང་ཡར་འགྲོ་མར་འགྲོ་སྤྱི་ལེ་5000ལྷག་ཙམ་བྱས་པ་རེད།
     རི་མཐོ་བ་དང་། ལམ་གཟར་བ། ནགས་ཚལ་སྟུག་པ་མ་ཟད། འཕྲིན་གཏོང་ཡོ་ཆས་ཀྱང་མེད་པས། ཡུས་ཅུང་གིས་སྣེ་ཁྲིད་པའི་རུ་ཁག་དང་ལམ་བཟོ་སི་ལིང་པུའུ་ཟླ་བ་བཞི་ཙམ་འབྲེལ་བ་ཆད་པ་རེད།
     ལས་འགན་ལེགས་གྲུབ་བྱུང་ནས་སི་ལིང་པུའུ་རུ་ལོག་སྐབས། མི་ཚང་མའི་གྱོན་ཆས་ཧྲལ་ཧྲུལ་དུ་གྱུར་པ་དང་། སྐྲ་རིང་ལ། གདོང་པ་ཨ་རས་ཁེངས་པ། ངོ་མདོག་སེར་ཞིང་ཤ་སྐམ་པོར་གྱུར་ཡོད། ཀྲུང་གོ་མི་དམངས་བཅིང་འགྲོལ་དམག་དམག་སྡེ་བཅོ་བརྒྱད་པའི་དེ་སྔའི་ཚན་མོའུ་ཀྲང་ཁྲེན་མིང་དབྱི་ཡིས་ཁོང་ཚོའི་དངོས་ཞིབ་སྙན་ཞུ་རྩིས་ལེན་བཞིན་ལག་ནས་དམ་པོར་འཇུས་ཏེ་དཀའ་སྡུག་གྲངས་མེད་མྱངས་པའི་ཁོང་ཚོའི་གདོང་ལ་ཅེར་ནས་བལྟས་པ་རེད།
     རང་མིང་ཏེས་ཁྲོན་བོད་གཞུང་ལམ་ཧྲིལ་པོར་དངོས་ཞིབ་རུ་ཁག་དེ་འདྲ་10ལྷག་ཙམ་ཡོད། ཁོང་ཚོས་རི་ཆེན་པོ་200ལྷག་ཙམ་བརྒྱབ་པ་དང་། སྤྱི་ལེ་ཁྲི་1ལྷག་ཙམ་རྐང་ཐང་མར་བསྐྱོད་དེ་བསྡུར་གཞི་ཡོད་པའི་ལམ་ཐིག་7བཏོན་ཡོད། ད་དུང་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་དང་གསོག་འཇོག་བྱས་པ་དང་ཆབས་ཅིག ཐོག་མའི་གྲངས་གཞི་མང་པོ་རྩིས་བརྒྱབ་ནས་ལམ་ཐིག་ཡག་ཤོས་འདེམས་ཆེད། ཚན་རིག་དང་མཐུན་པའི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།
     “ངའི་པ་ཕ་ནི་སྐད་ཆ་ཤོད་པར་དགའ་པོ་མེད་པ་ཞིག་རེད། ཁོང་གིས་རང་ཉིད་ཀྱི་སྐོར་གཅིག་ཀྱང་མི་གླེང་ཞིང་། གཞུང་ལམ་གྱི་སྐོར་གླེང་ན་སྐད་ཆ་རྫོགས་རྒྱུ་མེད”ཅེས་ཡུས་ཞའོ་རུང་གིས་བརྗོད་པ་དང་། ལོ་དེ་དག་རིང་། ཁོ་མོ་དང་གཅུང་མོ་གཉིས་ཀྱིས་དཔེ་མཛོད་ཁང་དང་ཡིག་ཚགས་ཁང་ཁ་ཤས་ལ་སྐད་ཆ་དྲི་བར་བསྐྱོད་ནས་རང་གི་ཕ་དང་འབྲེལ་བ་ཡོད་པའི་ཚད་ལྡན་ཡིག་ཆ་རེ་རེ་བཞིན་འཚོལ་བསྡུ་བྱས་ཡོད། དེའི་ནང《ཆབ་མདོ་ནས་ལྷ་ས་དུམ་བུར་དངོས་ཞིབ་བྱེད་པར་བསྐྱོད་པའི》ལག་བྲིས་དེབ་གཅིག་ཀྱང་ཚུད་ཡོད་པ་རེད།
     ཡུས་ཞའོ་རུང་གིས་ང་ཚོས་དཔེ་དེབ་དེར་བརྟེན་ནས་ཁྲོན་བོད་གཞུང་ལམ་གྱི་པ་ཕའི་གཏམ་རྒྱུད་དེ་བས་མང་བ་ཤེས་རྟོགས་ཐུབ་པ་བྱས་ནས་རྗེས་རབས་པ་ཚོར་བཤད་དེ། དཀའ་སྤྱད་སྙིང་རུས་དང་ལམ་རྡོ་བྱེད་ཕོད་པའི་རྒན་རབས་ང་ཚོའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་དར་སྤེལ་གཏོང་གི་ཡིན་ཞེས་བརྗོད་པ་རེད།