འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་31ཉིན།

༄༅།།བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཡིག་གཟུགས་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་31ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཡིག་གཟུགས་བྱེད་སྒོ་སྤེལ་བ།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་29ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་“ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ”དང་“བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་"ཡིག་གཟུགས་བྱེད་སྒོ་སྤེལ་བ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ཡིག་གཟུགས་བྱེད་སྒོས་བོད་ལྗོངས་སྲིད་གྲོས་ཀྱི་ལོ་ངོ་60རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་གཙོ་བོར་བྱས་ནས།   བོད་རང་སྐྱོང་ལྗོངས་ཀྱི་སྐབས་རིམ་བྱུང་གི་སྲིད་གྲོས་ཨུ་ཡོན་དང་ཡིག་གཟུགས་མཁས་ཅན་གྱིས་བྲིས་པའི་བརྩམས་ཆོས་ཁྱོན་36འགྲེམས་སྟོན་བྱས་ཡོད་པ་རེད། བརྩམས་ཆོས་ཀྱི་རིགས་སྣ་ཚོགས་ཡོད་ལ། བརྗོད་དོན་ཁ་གསལ་ཞིང་། བརྗོད་གཞི་ཕུན་སུམ་ཚོགས་པོ་ཡོད། བརྩམས་ཆོས་འདི་ཚོས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག། བོད་ལྗོངས་མཐུན་སྒྲིལ་ཡར་ཐོན་དང་། རིག་གནས་དར་ཞིང་རྒྱས་པ། སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་སྐྱིད་དང་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་བཀོད་ཡོད།
【1】  【2】
༄༅།།བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཡིག་གཟུགས་བྱེད་སྒོ་སྤེལ་བ།