འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་30ཉིན།

༄༅།།ཀན་སུའུ་ཡི་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ་5.7ཐོན་རྗེས་མང་ཚོགས་རྣམས་
གཅིག་འདུས་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་30ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀན་སུའུ་ཡི་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ་5.7ཐོན་རྗེས་མང་ཚོགས་རྣམས་
གཅིག་འདུས་བཀོད་སྒྲིག་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན། ས་ཡོམ་བྱུང་སའི་ལྟེ་བ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡོད་པའི་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ཐང་ཀ་ནང་ཤང་ཧོང་ཁོའོ་རང་བྱུང་གྲོང་ཚོ་ཁོམ་པ་མེད་པར་འགྱུར་ཡོད།    བོད་རིགས་མང་ཚོགས་ཀྱིས་རང་འགུལ་ངང་རོགས་སྐྱོབ་གུར་ཕུབ་པའི་དཔུང་ཁག་ནང་ཞུགས་པ་དང་། ལོ་10ལ་སླེབས་པའི་བོད་རིགས་བུ་མོ་པདྨ་སྐྱིད་ཀྱིས་ལོ་4སོན་པའི་གཅུང་པོ་འཁྲིད་ནས་གུར་ནང་ཡོང་སྟེ། གློག་ལམ་ཉམས་གསོ་བྱེད་མཁན་ལ་ལག་འཁྱེར་གློག་སྒྲོན་སྤོར་རོགས་བྱེད་བཞིན་ཡོད། ཟླ་10ཚེས་28ཉིན་གྱི་ཐོ་རེངས་སུ། ཀན་སུའུ་ཡི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ་5.7བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་སྨི་10ཡོད་ཅིང་། མིག་སྔར། ས་གནས་དེའི་སྲིད་གཞུང་གིས་གོ་རིམ་ལྡན་པའི་ངང་རོགས་སྐྱོབ་ཞིབ་བཤེར་ལས་དོན་ཁག་སྤེལ་བཞིན་ཡོད།
【1】  【2】  【3】
༄༅།།ཀན་སུའུ་ཡི་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ་5.7ཐོན་རྗེས་མང་ཚོགས་རྣམས་
གཅིག་འདུས་བཀོད་སྒྲིག་བྱས་པ།