གསར་འགྱུར་སྤེལ་དུས། 【2019ལོའི་ཟླ་ 10ཚེས་28ཉིན། 13:33】 (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)
རྣམ་པར་བཀྲ་བ། འདི་ནི་ཟླ་10ཚེས་22ཉིན་གནམ་གྲུས་པར་བླངས་པའི་ས་མོ་ཡའི་ཨ་ཕི་ཡ་ལྟེ་བའི་རླངས་འཁོར་བབས་ཚུགས་ཡིན། ས་མོ་ཡའི་སྤྱི་སྤྱོད་རླངས་འཁོར་མང་ཆེ་བ་ནི་རྒྱལ་ཁབ་ཁག་ནས་ཡོང་བའི་ལྗིད་ཐེག་རླངས་འཁོར་རྙིང་པ་བཅོས་སྒྲིག་བྱས་པ་ལས་གྲུབ་པ་ཞིག་ཡིན་པ་དང་། འཁོར་སྒྲོམ་མང་ཆེ་བ་ནི་ཤིང་ལས་གྲུབ་པའི་“སྒམ་ཆེན”ཡིན། སྤྱི་སྤྱོད་རླངས་འཁོར་འདི་དག་གི་ཁ་དོག་རྣམ་པར་བཀྲ་ཞིང་། འཁོར་སྒྲོམ་སྟེང་གསར་གཏོད་རང་བཞིན་ལྡན་པའི་རི་མོ་སྣ་ཚོགས་ཀྱིས་ཁེངས་ཡོད། |