འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་28ཉིན།

༄༅།།ཁྲོན་བོད་མཉམ་དུ་བོད་ལྗོངས་ཀྱི་ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་ལ་སྐུལ་འདེད་
བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་28ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲོན་བོད་མཉམ་དུ་བོད་ལྗོངས་ཀྱི་ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་ལ་སྐུལ་འདེད་
བཏང་བ།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་པ་གྲོང་ཚོའི་ཀུ་ཤུ་ར་བའི་འགྲམ་དུ་བོད་ལྗོངས་ཀྱི་ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་དཔེ་སྟོན་དང་ལག་རྩལ་གསོ་སྐྱོང་ཚོགས་འདུ་འཚོགས་པ་རེད། 2014ལོར། བོད་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན་གཉིས་དབར་ཞིང་འབྲོག་ཚན་རྩལ་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་དང་།  བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དབར་མཉམ་ལས་དམ་ཟབ་བྱས་ནས། བོད་ལྗོངས་ཀྱི་ཀུ་ཤུའི་ཐོན་ལས་ལ་རིགས་གསར་པ་དང་། ལག་རྩལ་གསར་པ། རྣམ་པ་གསར་བཅས་ཀྱི་བཀོལ་སྤྱོད་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། མིག་སྔར། ཉིང་ཁྲི་གྲོང་ཁྱེར་དུ་ཚད་གཞི་མཐོ་བའི་འདེགས་འཛུགས་དཔེ་སྟོན་རྟེན་གཞི་8བཙུགས་པ་དང་། རིམ་རྩིས་བྱས་ན་དཔེ་སྟོན་ཁྱབ་གདལ་མུའུ་ཁྲི་3.5ཡན་བྱས་ཡོད་པ་རེད།
【1】  【2】
༄༅།།ཁྲོན་བོད་མཉམ་དུ་བོད་ལྗོངས་ཀྱི་ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་ལ་སྐུལ་འདེད་
བཏང་བ།