འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་25ཉིན།

༄༅༎མཚོ་སྔོན་གྱིས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞིར་ཞིབ་བཤེར་ནན་པོ་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་25ཉིན། 16:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་རིམ་པ་ཁག་གི་འཕྲོད་བསྟེན་འཆར་བཙའ་ལྟ་སྐུལ་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད། ཟླ་8པའི་ཟླ་མཇུག་བར། རིམ་པ་ཁག་གི་འཕྲོད་བསྟེན་བདེ་ཐང་ལྟ་སྐུལ་སྒྲིག་གཞིས་རིགས་ཁག་གི་ལྟ་སྐུལ་བྱ་ཡུལ་ཚན་པ་ཁྱོན་13809ལ་ལྟ་སྐུལ་ཞིབ་བཤེར་བྱས་པས། ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་ཚད་65.46%ཟིན་པ་དང་། ཁྲིམས་ལྟར་གྱོད་གཞི་384རྩད་ཞིབ་བྱས་ཏེ་དངུལ་ཆད་སྒོར་ཁྲི་143.73བཏང་བ། ཁྲིམས་འགལ་ངང་ཐོབ་པའི་སྒོར་ཁྲི་9.48གཞུང་བཞེས་བཏང་བ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“བདེ་ཐང་མཚོ་སྔོན་གྱིས་ཁྱེད་ལ་སྲུང་སྐྱོབ་བྱེད”པའི་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས། སྤྱི་ཚོགས་ཀྱིས་དོ་ཁུར་མང་ཤོས་བྱེད་པ་དང་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་ཤོས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་གཙོ་གནད་དོ་ཁུར་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་དང་། སྤྱི་པའི་འཕྲོད་བསྟེན། འགོས་ནད་འགོག་བཅོས། སྨན་བཅོས་ཀྱི་ཟོག་རོ་དོ་དམ། འཐུང་ཆུ་དང་འབྲེལ་བའི་ཐོན་རྫས་ཀྱི་འཕྲོད་བསྟེན། འཆར་བཙའི་ལག་རྩལ་ཞབས་འདེགས། སྨན་བཅོས་བརྡ་ཆ་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག དམངས་གཉེར་སྨན་བཅོས་སྒྲིག་གཞི་ཚད་ལྡན་དོ་དམ་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་སོགས“བདེ་ཐང་མཚོ་སྔོན་གྱིས་ཁྱེད་ལ་སྲུང་སྐྱོབ་བྱེད”པའི་བྱ་སྤྱོད་རབ་དང་རིམ་པའི་གྲས་སུ་བཅུག་པ་རེད།