འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་25ཉིན།

༄༅༎ཡུན་ནན་བདེ་ཆེན་ནགས་ཚལ་མེ་ཟོན་རུ་ཆེན་གྱིས། བརྗོད་དོན་གཙོ་བོའི་སློབ་གསོ་དཔྱད་ཞིབ་བྱ་ཡུལ་ཁག་ཏུ་ཁྱབ་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་25ཉིན། 16:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིན་ཧྭ་གསར་འགྱུར་ཁང་གི་དུད་སྣེར་གནས་ཚུལ་སྤེལ་བར་གཞིགས་ན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ཡུན་ནན་བདེ་ཆེན་མེ་ཟོན་རུ་ཆེན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ལས་གནས་ཀྱི་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱས་ནས། 2019ལོའི་ལོ་མཇུག་གི་དཔྱད་ཞིབ་གོ་སྐབས་སུ་བཟུང་སྟེ། དཔྱད་ཞིབ་བྱ་ཡུལ་དུ་བཀོད་འཐབ་པའི“ཐོག་མའི་བསམ་འདུན་བརྟན་པོར་སྲུང་བ་དང་འགན་འཁྲི་ཏན་ཏིག་འཁུར་ཕོད་པའི”འཇོན་ཐང་ལ་ཞིབ་དཔྱད་བྱས་པ་རེད།
     བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རུ་ཆེན་དེས་དཔེ་དེབ་སྤྲོད་པ་དང་། མཉམ་སྡེབ་སློབ་སྦྱོང་སྒྲིག་འཛུགས་བྱེད་པ། ལག་དེབ་བཀྲམ་པ། གཟའ་འཁོར་རེར“སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”APPཡི་སྐར་གྲངས་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་སྦྱོང་གི་རྣམ་པ་བཟང་པོ་བཏོད་ཡོད་པ་རེད། “ས་བབ་མཐོ་ལ་ཚད་གཞི་དེ་བས་མཐོ་བ”ནི་རུ་ཆེན་དེའི་བཀོད་འཐབ་པ་ཚོས་1996ལོར་བོད་རིགས་ས་ཁུལ་དུ་བཅའ་སྡོད་བྱས་ཚུན། ཐོག་མཐའ་བར་གསུམ་དུ་ནང་སེམས་སུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བའི་རྩ་དོན་ཞིག་ཏུ་བརྩིས་ནས། ས་བབ་མཐོ་ཚད་སྨི་3280ཟིན་པའི་གངས་ལྗོངས་ས་མཐོར་གནམ་གཤིས་ཀྱི་ཁོར་ཡུག་ཞན་པོ“ངལ་གསོ་ས་དང་ལྷོད་གཡེང་གཏོང་སར”མི་བརྩི་བར་བདེ་ཐང་ཁུལ་གྱི་ཚད་གཞི་གཞིར་བཟུང་སྦྱོང་བརྡར་སྤྲས་པ་རེད།
     ཚེས་1ཉིན་གྱི་ཆུ་ཚོད་13ཙམ་ལ་བཀོད་འཐབ་པ་ཚོས་ཛ་དྲག་ཆེ་བའི་སྔ་དྲོའི་དཔྱད་ཞིབ་བྱས་པ་དང་། ཉིན་དགུང་ངལ་གསོའི་དུས་སུ། རྟོག་ཞིབ་ཚོགས་ཆུང་གིས་དངོས་གཞི་མིན་པའི་སྦྱོང་བརྡར་བྱེད་དགོས་པའི་བཀའ་བཏང་ཞིང་། “ཟླ་10ཚེས་14ཉིན་གྱི་ཆུ་ཚོད་12ཏག་ཏག་ལ། བདེ་ཆེན་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོར་ནགས་ཚལ་ལ་མེ་ཤོར་འདུག མིག་སྔར་མེ་སྐྱོན་གྱི་གནས་ཚུལ་སྔར་བས་ཚབས་ཆེ་རུ་འགྲོ་བཞིན་འདུག་པས། ཁྱེད་ཚོའི་རུ་འབྲིང་ནས་མི་20འཕྲལ་མར་མེ་གསོད་པར་མངགས་དགོས”པའི་བཀའ་འབྱོར་རྗེས། རུ་འབྲིང་གི་བཀོད་འཐབ་པ་མགྱོགས་མྱུར་འདུ་འཛོམས་བྱས་ནས་སྐར་མ་ལྔའི་ནང་དམག་གྲབས་རིམ་པར་བསྒྱུར་ཏེ། སྐར་མ་30ཡི་ནང་སྟབས་བསྟུན་ངང་མེ་ཤོར་སར་བསྐྱོད་དེ་སྐར་མ་60ལྷག་ཙམ་ནང་མེ་ཧུར་ཐག་བསད་པ་བརྒྱུད། ཁུལ་དེའི་མེ་ཚང་མ་བསད་པ་རེད།
     རུ་ཆེན་དེའི་ཏང་ཨུད་ཀྱི་འགན་འཁུར་བས། དཔྱད་ཞིབ་བྱེད་རིང་ཐོན་པའི་གནད་དོན་དང་ཞན་ཆ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གནད་དོན་ལ་ཞིབ་ལྟ་དང་དག་ཐེར་དོན་འཁྱོལ་གྱི་ནང་དུ་བཅུག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། རུ་ཆེན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་ཚོད་འཛིན་བཟོ་བའི་ཐག་གཅོད་དཀའ་བའི་གནད་དོན་རྙིང་པ་ཁག་གཅིག་ཐག་གཅོད་བྱས་ནས། དཔུང་ཁག་འཛུགས་སྐྱོང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།