མི་དམངས་དྲ་བ།

༄༅༎ལི་ཁི་ཆང་གིས་ཨ་རིའི་ནོར་སྲིད་པུའུ་ཀྲང་ཟུར་པ་པོར་སིན་ལ་མཇལ་འཕྲད་གནང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་24ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་10ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་ནོར་སྲིད་པུའུ་ཀྲང་ཟུར་པ་པོར་སིན་ལ་མཇལ་འཕྲད་གནང་བ།

ཟླ་10ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་ནོར་སྲིད་པུའུ་ཀྲང་ཟུར་པ་པོར་སིན་ལ་མཇལ་འཕྲད་གནང་བ།

     མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་ཨ་རིའི་ནོར་སྲིད་པུའུ་ཀྲང་པོར་སིན་ལ་མཇལ་འཕྲད་གནང་བ་རེད། 
     ལི་ཁེ་ཆང་གིས་དེང་སྐབས་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་བའི་ངང་འགྱུར་ལྡོག་འགྲོ་བཞིན་ཡོད་ལ། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཨ་རི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་འཛམ་གླིང་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་ཀྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་འགལ་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། ཀྲུང་ཨའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཉམ་ལས་ལ་བརྟེན་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས། དེ་ནི་རྒྱལ་ཁབ་གཉིས་ལ་ཕན་པ་མ་ཟད། འཛམ་གླིང་ལའང་ཕན་པ་ཡོད། པོར་སིན་ཐེབས་རྩ་ཚོགས་པས་མུ་མཐུད་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཁྲོད་ཕན་ཚུན་རྒྱུས་ལོན་བྱེད་ཤུགས་ཆེ་རུ་གཏོང་བར་ནུས་པ་བཟང་བོ་འདོན་པའི་རེ་བ་ཡོད་ཅེས་གསུངས། 
     པའོ་སིན་གྱིས་དེང་སྐབས་ཨ་ཀྲུང་དབར་གྱི་འབྲེལ་བ་འགག་རྩའི་དུས་སུ་གནས་ཡོད། ད་ལོ་ནི་ཨ་ཀྲུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ཚང་མར་འགྱུར་ལྡོག་ཕྱིན་ནས་ཕྱོགས་གཉིས་པོས་ཨ་ཀྲུང་དབར་གྱི་འབྲེལ་བར་དོ་དམ་བྱེད་པའི་བྱ་ཐབས་གསར་པ་འཚོལ་དགོས་ཀྱི་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད། པོར་སིན་ཐེབས་རྩ་ལྷན་ཚོགས་ཀྱིས་ཨ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་མུ་མཐུད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད།

  
style="display:none;"