མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་2019ལོའི་ཐའེ་ཡོན་གྱི་ནུས་རྒྱུ་ཐཱན་ཉུང་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་24ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་2019ལོའི་ཐའེ་ཡོན་གྱི་ནུས་རྒྱུ་ཐཱན་ཉུང་འཕེལ་རྒྱས་གླེང་སྟེགས་ཧྲན་ཤིས་ཐའེ་ཡོན་དུ་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས། ནུས་རྒྱུ་ཐཱན་ཉུང་འཕེལ་རྒྱས་ནི་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། ཀྲུང་གོས་ནུས་རྒྱུ་ཐཱན་ཉུང་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ནུས་རྒྱུའི་འཛད་སྤྱོད་དང་། མཁོ་སྤྲོད། ལག་རྩལ། སྒྲིག་སྲོལ་བཅས་ཀྱི་གསར་བརྗེར་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕྱོགས་གང་ཅིའི་ཐད་ནས་ནུས་རྒྱུའི་མཉམ་ལས་ལ་ཤུགས་སྣོན་དང་། ནུས་རྒྱུའི་བདེ་འཇགས་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་ཕན་བདེ་སྐྲུན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

  
style="display:none;"