འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་23ཉིན།

༄༅།།གངས་ལྗོངས་རིག་གནས་བསམ་བཀོད་ཀྱི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོས་འཛམ་གླིང་ལ“བོད་
ཀྱི་ཕྱག་རྟགས”ཕུལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་23ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་ལྷ་ས་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་པའི“བོད་ཀྱི་ཕྱག་རྟགས”རིག་གནས་བསམ་བཀོད་ཀྱི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོ་སྐབས་བདུན་པ(“འགྲན་བསྡུར་ཆེ་མོ”ཞེས་བསྡུ་རྒྱུ)ལྷ་སར་མཇུག་འགྲིལ་བའི་ནང“གླིང་སྣེ་གསུམ་པ”དང“ཀུ་ཤུ་བྱམས་པ”སོགས་ཚུད་པའི“བོད་ཀྱི་IP”ཡི་ཁྱད་ཆོས་ལྡན་པའི་གྲགས་ཅན་རིག་གནས་བསམ་བཀོད་ཀྱི་སྤུས་རྟགས་རབ་དང་རིམ་པ་གཟེངས་སུ་ཐོན་ཡོད།
     འགྲན་བསྡུར་ཆེ་མོའི་དཔྱད་འདེམས་པ་བོད་རང་སྐྱོང་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་བློ་འདྲི་བ་ཡུས་ཡིའུ་ཤིན་གྱི་ངོས་ནས་བརྗོད་ན། རིག་གནས་བསམ་བཀོད་ཀྱི་ཐོན་རྫས་གསར་སྤེལ་གྱིས་བོད་ཀྱི་ཡུལ་སྐོར་ལ་རམ་འདེགས་བྱེད་པ་ནི་ཡང་དག་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་རེད། ཁོང་གིས་བོད་ནི་འཛམ་གླིང་གི་དམིགས་སའི་ཁུལ་ཞིག་རེད་ལ། དད་མོས་དང་། རིག་གནས། དཔལ་འབྱོར་སོགས་གང་ཅིའི་ཐད་ནས་མི་རྣམས་བོད་དུ་འགྲོ་འདོད་ཆེན་པོ་བྱེད་ཀྱི་ཡོད། བོད་ལ་ད་དུང་ཐུན་མོང་མ་ཡིན་པའི་ཐོན་ཁུངས་མང་དག་ཅིག་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུ་ཡོད་པས་ཤུགས་རྐྱེན་དེ་བས་ཆེ་བ་འདོན་སྤེལ་ཐུབ་ངེས་རེད་ཅེས་བརྗོད།