འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་23ཉིན།

༄༅།།འཛམ་གླིང་གི་རི་བོ་མཐོ་ཤོས་ཀྱི་འདབས་སུ་སྙན་ངག་འདུ་ཚོགས་གཉེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་23ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་10ཚེས་19ཉིན། “2019ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་སྙན་ངག་དུས་ཆེན་སྐབས་དང་པོ”ཇོ་མོ་གླང་མའི་འདབས་སུ་གཉེར་ཞིང་། ས་བབ་མཐོ་ཚད་སྨི་5200ཟིན་པའི་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེ་མོར་སྙན་ངག་འདུ་ཚོགས་གཉེར་ཐེངས་དང་པོ་ཡིན་པ་དང་། རྒྱབ་ངོས་ནི་དགུང་དུ་སྙེག་པའི་འཛམ་གླིང་གི་རི་བོ་མཐོ་ཤོས་རེད།
    སྙན་ངག་ལ་དགའ་པོ་བྱེད་མཁན་ལོ་23ལ་སོན་པའི་བོད་རིགས་བུ་མོ་ཚེ་བརྟན་གཡུ་མཚོ་དང་མཉམ་དུ་སྙན་ངག་འདུ་ཚོགས་ལ་ཞུགས་མཁན་བོད་ཀྱི་སྙན་ངག་པ་དང་། སྙན་ངག་ལ་དགའ་པོ་བྱེད་མཁན། དེ་བཞིན་ས་གནས་དེ་གའི་སློབ་མ་དང་ཞིང་འབྲོག་པ་མི་ཉུང་བ་ཞིག་ཡོད་པ་རེད།
     བྱེད་སྒོ་སྤེལ་མཁན་གྱི་གྲས་ལིའུ་ཤོན་འདི་ལོ་ལོ་60ལ་སླེབས་པ་དང་། 2015ལོར་རང་སྨྱན་སྦྱོར“གངས་ལྗོངས་ཤོན་གླུ”གཉེར་ནས་བོད་དུ་སྙན་ངག་གསར་རྩོམ་བྱེད་མཁན་དང་དགའ་པོ་བྱེད་མཁན་ཁག་གཅིག་བསྡུ་རུབ་བྱས་ཡོད་པ་རེད།
     ལོ་12ལ་སོན་པའི་བསྟན་འཛིན་འོད་ཟེར་ནི་བོད་ལྗོངས་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཆ་ཚང་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་ཡིན་པ་དང་། བསྟན་འཛིན་འོད་ཟེར་གྱིས་སློབ་གྲོགས་དང་མཉམ་དུ《ང་དང་ང་ཡི་མེས་རྒྱལ》སྙན་ངག་གྱེར་འདོན་བྱས་པ་དང་། ཁོ་མོས“སྙན་ཚིག་ཧ་ཅང་སྙན་པོ་འདུག ང་རང་སྙན་ངག་ལ་དགའ་པོ་ཡོད་ལ། དགའ་ཤོས་ལི་པའེ་ཡི་སྙན་ངག་ཡིན། སླད་ཕྱིན་ང་རང་ཡང་སྙན་ངག་པ་ཞིག་བྱེད་འདོད་འདུག”ཅེས་བཤད་བྱུང་།
     2012ལོར་རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་གྱི་སྔོན་དུ་བོད་ལ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་རིན་མེད་སློབ་གསོ་མངོན་འགྱུར་བྱུང་བ་དང་། བསྟན་འཛིན་འོད་ཟེར་ནི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། ཁོ་ཚོས་སློབ་གྲྭར་བོད་ཡིག་སྦྱོང་དགོས་པ་མ་ཟད། ད་དུང་རྒྱ་ཡིག་དང་དབྱིན་ཡིག་ཀྱང་སྦྱོང་གི་ཡོད་པ་རེད།
     འདས་ཟིན་པའི་གཟའ་འཁོར་གཅིག་ལྷག་ཙམ་ནང་སྙན་ངག་དུས་ཆེན་རུ་ཁག་བོད་ཀྱི་བྱང་རྒྱུད་དང་ནུབ་རྒྱུད་དུ་སྤྱི་ལེ་5000ཙམ་བསྐྱོད་པ་དང་། བྱེད་སྒོ་དེར་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།