འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་23ཉིན།

༄༅།།རྔ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁྲོམ་གཞུང་དུ་འཁྲབ་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་23ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཞིང་ཆེན་དྲ་ཐོག་གསར་འགྱུར་གྱིས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་10ཚེས་17ཉིན། ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་བདུན་པའི་རྔ་པའི་ཡན་ལག་ཚོགས་ར་འབར་ཁམས་སུ་ཚོགས་འགོ་ཚུགས་ཤིང་། སྙན་འཇེབས་ལྡན་པའི་རོལ་དབྱངས་དང་བསྟུན་ནས། ཁྲོན་ནུབ་པེ་ཧྲན་གྱི་གླུ་གཞས་དང་། ལྒང་བཞུ་ཚོན་ཁྲ་ཅན་གྱི་ཞབས་བྲོ། ཡུལ་སྐད་ཀྱི་ཁྱད་ཆོས་ལྡན་པའི་ནན་ཕིང་རོལ་དབྱངས། ངོ་མཚར་ཡིད་དུ་འོང་བའི་བོད་ཀྱི་ལྷ་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་ཁག་རིམ་པ་བཞིན་ཁྲོམ་གཞུང་དུ་འཁྲབ་སྟོན་བྱས་ཏེ། བོད་རིགས་དང་ཆའང་རིགས་ཀྱི་གདོད་མའི་གླུ་གཞས་དང་། དཀྲོལ་ལེན། ཟློས་གར་སོགས་ཀྱི་རྣམ་པར་བརྟེན་ནས། ས་གནས་དེ་གའི་མང་ཚོགས་ལ་མི་རིགས་ཀྱི“རིག་གནས་དགའ་སྟོན”ཞིག་བཤམས་པ་རེད།
      ཤེས་རྟོགས་བྱུང་བར་གཞིཌ་ན། སྐབས་འདིའི་ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གྱི་ཡན་ལག་ཚོགས་ར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཀྲོའུ)10རུ་བཙུགས་ཡོད་ཅིང་། ཟླ་10ཚེས་22ཉིན་བར་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།