འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་22ཉིན།

༄༅།།མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཧྲང་ཧའེ་ནས་དགའ་བསུ་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་22ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཧྲང་ཧའེ་ནས་དགའ་བསུ་ཐོབ་པ།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་དྷི་མདའ་ཡུལ་ཚོའི་བོད་རིགས་སྤུན་ཟླ་ཚོས་སྐུ་མགྲོན་ལ་བཟོ་རྩལ་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ། ཉིན་དེར། ཧྲང་ཧའེ་རུ་སྤེལ་བཞིན་པའི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཚོང་འགྲེམས་ཉོ་ཚོང་ཚོགས་འདུའི་ཐོག་ཏུ། རིགས་ཆེན་པོ་ལྔའི་ཐོན་རྫས་200ལྷག་ལ་ཧྲང་ཧའེ་ཡི་མཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་དབུལ་སྐྱོར་ས་ཁུལ་ཡིན་ཞིང་། དུས་བཅད་ནང་ས་གནས་དེ་གའི་ཞིང་ལས་ཐོན་རྫས་ཚོང་འགྲེམས་སྤེལ་བ་དེས་མཚོ་སྔོན་མཐོ་སྒང་གི་ཞིང་ལས་ཐོན་རྫས་བདེ་བླག་ངང་གྲོང་ཁྱེར་ཆེན་པོའི་ཁྲོམ་ར་ནང་འཇུག་པ་དང་རིན་ཐང་འཕར་བར་ཕན་པ་ཡོད།
༄༅།།མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཧྲང་ཧའེ་ནས་དགའ་བསུ་ཐོབ་པ།