མི་དམངས་དྲ་བ།

༄༅༎ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཞང་ཧྲན་གླེང་སྟེགས་སྐབས་དགུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་22ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། སྐབས་དགུ་པའི་པེ་ཅིང་ཞང་ཧྲན་གླེང་སྟེགས་ཚེས་21ཉིན་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། 
     ཞི་ཅིན་ཕིང་གིས་ཞི་བདེ་ནི་མིའི་རིགས་ཀྱི་རྟག་བརྟན་གྱི་རེ་བ་ཡིན་པ་དང་། ཀྲུང་གོས་གླེང་མོལ་ལ་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཉམ་ལས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བ། ཞི་བདེར་བརྟེན་ནས་འཕེལ་རྒྱས་ལ་འགན་ལེན་བྱེད་པ་བཅས་མཐའ་འཁྱོངས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ཡུན་རིང་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་པས། རྒྱལ་ཁབ་ཁག་གིས་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། རྙོག་འཛིང་ཆེ་བའི་བདེ་འཇགས་ཀྱི་འཇིགས་སྐུལ་མདུན་དུ། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། བདེ་འཇགས་རོགས་ཟླའི་འབྲེལ་བ་གསར་པ་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ས་ཁུལ་འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་པའི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"