འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་21ཉིན།

༄༅།།རྔ་བ་ཁུལ་ཁྲོ་ཆུ་རྫོང་དུ་ཆེས་མཛེས་པའི་དུས་ཚིགས་བསུས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྔ་བ་ཁུལ་ཁྲོ་ཆུ་རྫོང་དུ་ཆེས་མཛེས་པའི་དུས་ཚིགས་བསུས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན། ཉེ་ཆར། 2019ལོའི་ཁྲོ་ཆུ་རྫོང་འཁྱགས་ཀླུང་ནགས་ཁྲ་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཚིགས་རྔ་བ་ཁྲོ་ཆུ་རྫོང་དུ་འགོ་ཚུགས་པ་དང་། སང་ལོའི་ཟླ་5པའི་བར་བྱེད་སྒོ་ཕུན་སུམ་ཚོགས་པོ་རབ་དང་རིམ་པ་སྤེལ་རྒྱུ་རེད། 
ཁྲོ་ཆུ་རུ་གནམ་སྔོན་པོ་གཡའ་དག་ཅིང་ཚོན་མདོག་སྣ་ལྔའི་ནགས་ཚལ་དང་། མགོ་བོ་བཏེགས་པ་ལས་མཐོང་ཐུབ་པའི་གངས་རི་དཀར་པོས་བསྐོར་ཡོད།
     ཁྲོ་ཆུ་རྫོང་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་དབུས་རྒྱུད་དུ་གནས་ཤིང་། རྫོང་ནང་ཁོངས་ཀྱི་མཛེས་ལྗོངས་ལ་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན་པས། སྔོན་ཆད་ནས་“མཛེས་པའི་སྟོན་ཉམས་ནུབ་ན་ཡོད། ནུབ་ཀྱི་ནང་ནས་ཁྲོ་ཆུར་ལྟོས”ཞེས་པའི་བཤད་སྲོལ་ཡོད། 
【1】  【2】  【3】  【4】
༄༅།།རྔ་བ་ཁུལ་ཁྲོ་ཆུ་རྫོང་དུ་ཆེས་མཛེས་པའི་དུས་ཚིགས་བསུས་པ།