འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་21ཉིན།

༄༅།།འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ཀྱི་སྙན་ཞུ་གསར་ཤོས་ཐོག ཀྲུང་གོའི་གོ་ལ་ཧྲིལ་པོའི་འགྲན་ནུས་ཀྱི་
ཕྱོགས་བསྡུས་ཐོབ་གྲངས་བརྟན་པོའི་ངང་འཕར་བ་མངོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ཀྱིས་ཁྱབ་བསྒྲགས་བྱས་པའི་2019ལོའི་ལོ་འཁོར་གྱི《གོ་ལ་ཧྲིལ་པོའི་འགྲན་ནུས་ཀྱི་སྙན་ཞུའི》ནང་། ཀྲུང་གོ་གོ་ལ་ཧྲིལ་པོའི་འགྲན་ནུས་ཀྱི་ཕྱོགས་བསྡུས་བང་རིམ་ནང་ཨང་ཉེར་བརྒྱད་པར་སླེབས་ཡོད། ད་ཐེངས་ཀྱི་བང་རིམ་ན་ནིང་དང་སྙོམས་ཡོད་ཀྱང་ཕྱོགས་བསྡུས་ཐོབ་གྲངས་བརྟན་པོའི་ངང་འཕར་བ་མངོན་ཡོད།
     སྙན་ཞུ་གསར་ཤོས་ཐོག་ནས་མངོན་པར་མཐོ་ཤོས་སྐར་མ་100ལ་བརྩིས་ན། ཚོད་སྐོར་ནང་བཅུག་པའི་དཔལ་འབྱོར་དངོས་ཚན་141ནང་ཐོབ་གྲངས་མཐོ་ཤོས་ནི་སྐར་མ་84.8ཡིན་པ་དང་དམའ་ཤོས་ནི་སྐར་མ་35.1ཡིན། དཔལ་འབྱོར་དངོས་ཚན་ཁག་གི་ཆ་སྙོམས་ཐོབ་གྲངས་60.7ཡིན། ཀྲུང་གོའི་ཐོབ་གྲངས་གསར་ཤོས་ནི་སྐར་མ་73.9ཡིན་པས་ན་ནིང་ལས་སྐར་མ་1.3མཐོ་རུ་ཕྱིན་པ་མངོན་ཡོད།
     སྙན་ཞུ་དེ་གཞིར་བཟུང་། ཀྲུང་གོའི་ཁྱབ་ཁོངས་ཁག་གཅིག་གི་མཚོན་ཚུལ་དང་གཙོ་བོ་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་ལས་གྲུབ་པའི་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས(དཔལ་འབྱོར་མཉམ་ལས་རྩ་འཛུགས)ནང་གི་ཁོངས་མི་དང་ཕན་ཚུན་ཁྱད་པར་མེད། དཔེར་ན། ཆ་འཕྲིན་ལག་རྩལ་བཀོད་སྤྱོད་ཐད་ཀྱི་ཀྲུང་གོའི་མཚོན་ཚུལ་གྱིས་དཔལ་འབྱོར་མཉམ་ལས་རྩ་འཛུགས་25ཡི་ཁོངས་མི་ལས་ཚད་བརྒལ་བྱུང་བ་དང་ཀྲུང་གོའི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཨ་རི་ལས་མཐོ་བ་ཡོད་པས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་མཚུངས་ཡོད།
     འགྲན་ནུས་ཀྱི་ཕྱོགས་བསྡུས་བང་རིམ་གསར་ཤོས་དེའི་ནང་སིང་ཀ་ཕོར་ཨང་དང་པོ་ཡིན་པ་དང་ཨ་རི་ན་ནིང་གི་ཨང་དང་པོ་ནས་ཨང་གཉིས་པར་ཆག་ཡོད།
     འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་1979ལོ་ནས་བཟུང་ལོ་འཁོར་གྱི《གོ་ལ་ཧྲིལ་པོའི་འགྲན་ནུས་སྙན་ཞུ》ཁྱབ་བསྒྲགས་བྱེད་ཀྱི་ཡོད། དེའི་དམིགས་ཡུལ་ནི་དཔལ་འབྱོར་དངོས་ཚན་ཁག་གིས་དཔལ་འབྱོར་ཡུན་རིང་འཕར་བར་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་ལ་ཚོད་སྐོར་བྱ་ཆེད་ཡིན། བཟོ་ལས་གསར་བརྗེ་ཐེངས་བཞི་པས་དཔལ་འབྱོར་དངོས་ཚན་གྱི་འགྲན་ནུས་ལ་བྱུང་བའི་འགྱུར་ལྡོག་མངོན་པར་བྱ་ཆེད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ན་ནིང་ནས་བཟུང་གདེང་འཇོག་སྟོན་གྲངས་ཁག་མང་པོ་སྤྱོད་འགོ་ཚུགས་ཡོད།