འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་21ཉིན།

༄༅།།ཡོ་རོབ་མནའ་འབྲེལ་གྱི་ཀྲུང་གོའི་ཚོང་ཚོགས་ཀྱིས་ཡོ་རོབ་ཏུ་ཡོད་པའི་ཀྲུང་གོའི་ཁེ་ལས་འཕེལ་རྒྱས་
ཀྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཡོ་རོབ་མནའ་འབྲེལ་གྱི་ཀྲུང་གོའི་ཚོང་ཚོགས་དང་ལོ་ལན་པེ་ཀེ་བློ་འདྲི་ཀུང་སིས་པེར་ཀྲེམ་གྱི་པུ་རུ་སེར་དུ་མཉམ་འབྲེལ་ཐོག《ཡོ་རོབ་ཏུ་ཀྲུང་གོའི་ཁེ་ལས་འཕེལ་རྒྱས་ཀྱི་སྙན་ཞུ(2019ལོ)》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་ཉེ་བའི་ལོའི་རིང་ཀྲུང་གོའི་མ་འཇོག་ཁེ་ལས་ཡོ་རོབ་ཏུ་འཕེལ་རྒྱས་འགྲོ་བའི་གནས་ཚུལ་ཕྱོགས་སྡོམ་བྱས་པ་དང་། ཡོ་རོབ་ཏུ་ཡོད་པའི་ཀྲུང་གོའི་ཁེ་ལས་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་ཀྲུང་གོ་དང་ཡོ་རོབ་ལ་གཉིས་ཕན་ཐོབ་པ་དམིགས་སུ་བཏོན་པ། ཡོ་རོབ་མནའ་འབྲེལ་སྒྲིག་གཞི་དང་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་འབྲེལ་ཡོད་སྲིད་ཇུས་ཀྱི་གྲོས་འགོ་བཏོན་པ་རེད།
     སྙན་ཞུའི་ནང་2019ལོའི་ཡོ་རོབ་དང་ཀྲུང་གོའི་ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་སྤྱིར་ན་ཡག་པོ་ཡོད་ཀྱང་ལེགས་སུ་གཏོང་བའི་བར་མཐོངས་སྔར་བཞིན་གནས་ཡོད། མིག་སྔར་ཡོ་རོབ་ཏུ་ཀྲུང་གོའི་ཁེ་ལས་ལ་འཕེལ་རྒྱས་ཐད་འཕྲད་པའི་འགྲན་སློང་དང་ཚོད་འཛིན་གཙོ་བོའི་གྲས་སུ་ནུས་རྒྱུ་དང་། མི་ཐབས་རིག་ནུས། འཕྲིན་གཏོང་། གློག་འདྲེན་ཕྱེད་གཟུགས་སོགས་ཁྱབ་ཁོངས་ཀྱི་ཆོག་འཐུས་ལ་ཚོད་འཛིན་ཕོག་པ་དང་། ཀྲུང་གོའི་ཁེ་ལས་ལ་དམིགས་པའི་ས་གནས་དེ་གའི་མ་འཇོག་གི་ཞབས་ཞུ་རྣམ་པའི་རོགས་སྐྱོར་དང་རོགས་རམ་སྒྲིག་གཞི་མི་འདང་བ། ཡོ་རོབ་མནའ་འབྲེལ་གྱི་འབྲེལ་ཡོད་ཚད་གཞི་བཟོ་བ་དང་བཟོ་བཅོས་ནང་ཞུགས་ཚད་མི་འདང་བ་སོགས་ཚུད་ཡོད། སྙན་ཞུའི་ནང་ཡོ་རོབ་མནའ་འབྲེལ་གྱིས་རང་མོས་ཁྲོམ་རའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཡོ་རོབ་མནའ་འབྲེལ་གྱིས་ཆ་འཕྲིན་མཉམ་སྤྱོད་དང་། ཐོན་ཁུངས་སྦྲེལ་མཐུད། བརྒྱུད་རིམ་ལེགས་གཏོང་སོགས་ཐད་ཀྲུང་གོའི་ཁེ་ལས་ལ་དངོས་ཡོད་ཀྱི་རོགས་རམ་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།