འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་21ཉིན།

༄༅།།ཀྲུང་དབྱང་ནག་སེལ་གཤེད་བཅོམ་རེས་སྐོར་གཉིས་པ་དང་གསུམ་པའི་ལྟ་སྐུལ་མཛུབ་ཁྲིད་
ཀྱི“ཕྱིར་མིག་ལྟ་བའི”ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གསར་འགོད་པར་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་17པ་ཟླ་10ཚེས་14ཉིན་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱས་ཏེ། ལྟ་སྐུལ་མཛུབ་ཁྲིད་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བ་ལས། ཀྲུང་དབྱང་ནག་སེལ་གཤེད་བཅོམ་རེས་སྐོར་གཉིས་པ་དང་གསུམ་པའི་ལྟ་སྐུལ་མཛུབ་ཁྲིད་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་པ་རེད།
     ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་11པ་ནས་21པའི་བར་གྱིས་རེས་སྐོར་གཉིས་པ་དང་གསུམ་པའི་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཀྲེ་ཅང་དང་། ཐེན་ཅིན། ཅིས་ལིན། ཨན་ཧུའེ། ཅང་ཤིས། ཧུའུ་ནན། ཀོང་ཤིས། ཧའེ་ནན། ཀུའེ་ཀྲོའུ། ཡུན་ནན། པེ་ཅིང་། ཧྲའན་ཤིས། བོད་ལྗོངས། ཧེ་ལུང་ཅང་། ནང་སོག ཧྲང་ཧའེ། ཅང་སུའུ། མཚོ་སྔོན། ཀན་སུའུ། ཉིང་ཞ། ཤིན་ཅང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་21དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་དུ་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱས་ཏེ་ཁག་གཉིས་ལ་བགོས་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་རྒྱུ་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བའི་དུས་ཡུན་ནི་ས་ཁུལ་རེར་ཉིན་10ཙམ་ཡིན་པ་དང་། ཟླ་11ཚེས་15ཉིན་གྱི་གོང་དུ་ལས་དོན་ཚང་མ་སྤེལ་ཚར་བ་བྱ་རྒྱུ་ཡིན་པ་རེད།
    རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ལྟ་སྐུལ་མཛུབ་ཁྲིད་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་ནི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཀྱི་གྲུབ་ཆ་གལ་ཆེན་ཡིན་ལ། དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག་རེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་དག་ཐེར་གནད་དོན་གྱི་གསལ་ཐོ་དང་འགན་འཁྲི་བདའ་འདེད་གཏོང་བའི་གྲོས་འགོའི་གསལ་ཐོར་ལྟ་སྡུར་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་རྩིས་སྤྲད་པའི་གཙོ་གནད་གནད་དོན་ཐག་གཅོད་དང་། གཙོ་གནད་ཁྱབ་ཁོངས་བཅོས་སྒྲིག གཙོ་གནད་གྱོད་གཞི་བདག་སྤྲོད་བཅས་ལ་དམ་པོར་དམིགས་ཏེ་དག་ཐེར་གྱི་ཕན་འབྲས་ཆེ་ཤོས་ཐོན་པར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཀྱི“ཕྱིར་མིག་ལྟ་བའི”ལས་འགན་གཙོ་བོ་ནི་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ས་ཁུལ་གྱིས། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚུར་ལན་གནད་དོན་གྱི་དག་ཐེར་དོན་འཁྱོལ་གནས་ཚུལ་ལ་ཞིབ་བཤེར་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས། འཆལ་རྒྱན་དུག་གསུམ་དང་ནག་གཤེད་ཕྱོགས་གཏོགས་རྒྱ་ཡན་དུ་བཏང་བའམ་འགན་ཤོར་འགན་འཛོལ་དང་ཐ་ན་འགེབས་སྲུང་བྱས་ཏེ“རྒྱབ་རྩ”བྱས་པའི་ཆེད་དོན་བཅོས་སྒྲིག་དོན་འཁྱོལ་གནས་ཚུལ་ལ་ཞིབ་བཤེར། ཆེད་དོན་འཐབ་རྩོད་བྱེད་རིང་། ཁྲིམས་ལྟར་ཆད་གཅོད་ནན་པོ་དང་། འགེབས་སྲུང་མེད་པར་བཟོ་བ། ཕྱོགས་བསྡུས་བཅོས་སྐྱོང་། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་སོགས་ཐད་ཀྱི་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་ཡོད་མེད་ལ་ཞིབ་བཤེར། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ས་ཁུལ་ལ་དག་ཐེར་བྱེད་ཐབས་རིམ་པ་བཞིན་ཞིབ་ཚགས་སུ་གཏོང་བ་དང་། དག་ཐེར་འགན་འཁྲི་དོན་འཁྱོལ། དག་ཐེར་དུས་ཚད་གསལ་བཟོ་བཅས་བྱེད་རོགས་བྱས་ནས་དག་ཐེར་གྱི་ཕན་འབྲས་ཆེ་ཤོས་ཐོན་པར་སྐུལ་འདེད་གཏོང་བ་དང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་རྒྱུན་མཐུད་དང་། གཏིང་ཟབ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་བ་བཅས་རེད།