འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་21ཉིན།

༄༅།།འབྲུ་རིགས་ཐོན་ཁུལ་9ལ“ཁྱད་ལྡན་ཐོན་ལས་རྫོང་དང་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧོ་ཕེ་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གསར་འགོད་པར་ཀྲུང་གོའི་རྒྱལ་སྤྱིའི་འབྲུ་སྣུམ་འགྲེམས་སྟོན་སྐབས་བཅུ་བདུན་པ་ནས་ཤེས་རྟོགས་བྱུང་བར། རྫོང་དང་གྲོང་ཁྱེར་9ལ་ཁྱད་ལྡན་འབྲུ་རིགས་ཐོན་རྫས་སྤུས་ལེགས་ཡོད་པར་བརྟེན། ཀྲུང་གོའི་འབྲུ་རིགས་ལས་རིགས་མཐུན་ཚོགས་ཀྱིས་ཁྱད་ལྡན་ཐོན་ལས་རྫོང་དང་གྲོང་ཁྱེར་གྱི་མཚན་སྙན་སྤྲད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཧེ་ལུང་ཅང་སུའེ་པིན་རྫོང་ལ“ཀྲུང་གོའི་སྣོད་བཅུད་བཟང་བའི་འབྲས་ཀྱི་ཕ་ཡུལ”དང་། ཀོང་ཀྲོའུ་གྲོང་ཁྱེར་ཙེང་ཁྲེང་ཆུས་ལ“ཀྲུང་གོའི་འབྲས་ཕྲ་རིང་གི་ཕ་ཡུལ” ཅང་སུའུ་ཧྲེ་དབྱང་རྫོང་ལ“ཀྲུང་གོའི་ཆུ་འབྲས་སྤུས་ལེགས་ཀྱི་ཕ་ཡུལ” ནང་སོག་ཤིན་ཨན་མོང་ལ“ཀྲུང་གོའི་རྩྭ་ཐང་སྣོད་བཅུད་འབྲས་ཀྱི་གྲོང་ཁྱེར” ཧེ་ལུང་ཅང་སུའེ་ཧྭ་གྲོང་ཁྱེར་པེ་ལིན་ཆུས་ལ“ཀྲུང་གོའི་གྲང་སའི་འབྲས་མངར་གྱི་ཕ་ཡུལ” ཧྲན་ཤིས་ཤིན་ཀྲོའུ་གྲོང་ཁྱེར་ཤིན་ཧྥུའུ་ཆུས་ལ“ཀྲུང་གོའི་ཞོག་དམར་མངར་མོའི་ཕ་ཡུལ” ཧྲན་ཤིས་ཧྲུའོ་ཀྲོའུ་གྲོང་ཁྱེར་ཧྲན་དབྱིན་རྫོང་ལ“ཀྲུང་གོའི་སེ་རྒྱུ་མང་བའི་འབྲུ་ཁྲེའི་ཕ་ཡུལ” ཅིས་ལིན་ཞིང་ཆེན་མི་ཧོ་ཁོའུ་གྲོང་ཁྱེར་ལ“ཀྲུང་གོའི་གོང་མའི་འབྲུ་འབྲས་ཀྱི་ཕ་ཡུལ” དེ་བཞིན་ཀུའེ་ཀྲོའུ་ཞིང་ཆེན་རུང་ཅང་རྫོང་ལ“ཀྲུང་གོའི་གདོད་མའི་སྣོད་བཅུད་ཀྱི་འབྲས་ཤིས་ལིའི་ཕ་ཡུལ”གྱི་མཚན་སྙན་སྤྲད་པ་རེད།