འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅༎ཡོ་རོབ་མནའ་འབྲེལ་དབུ་ཚོགས་ཐོག་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གྲོས་མཐུན་གསར་པར་གྲོས་འཆམ་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 11:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་10ཚེས་17ཉིན། པེར་ཀྲེམ་གྱི་པུ་རུ་སེར་གྱི་ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ། ཡོ་རོབ་མནའ་འབྲེལ་གྱི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གྲོས་མོལ་གྱི་དབུ་བཞུགས་འཐུས་མི་སྨི་ཀེར་པཱ་ཉི་ཡེ་དང་། ཨིར་ལན་གྱི་ཙུང་ལི་ཝ་ལ་ཏེ་ཁ། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁེ། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེ(གཡོན་ནས་གཡས་བར)བཅས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ།
ཟླ་10ཚེས་17ཉིན། པེར་ཀྲེམ་གྱི་པུ་རུ་སེར་གྱི་ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ། ཡོ་རོབ་མནའ་འབྲེལ་གྱི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གྲོས་མོལ་གྱི་དབུ་བཞུགས་འཐུས་མི་སྨི་ཀེར་པཱ་ཉི་ཡེ་དང་། ཨིར་ལན་གྱི་ཙུང་ལི་ཝ་ལ་ཏེ་ཁ། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁེ། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེ(གཡོན་ནས་གཡས་བར)བཅས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ།
     མི་དམངས་དྲ་བའི་འཕྲིན། དབྱིན་ཇི་ཕུད་པའི་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་27གྱི་འགོ་ཁྲིད་པས་ཚེས་17ཉིན་གྲོས་ཆོད་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱས་ནས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་དབྱིན་ཇི་སྲིད་གཞུང་དང་གྲོས་མཐུན་བཞག་པའི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གྲོས་མཐུན་གསར་ཤོས་ལ་རྒྱབ་སྐྱོར་བྱས་པ་རེད།
     ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་28ཀྱི་འགོ་ཁྲིད་པས་ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་གྱི་ཕྱི་དྲོ་དུས་ཡུན་ཉིན་གཉིས་ཀྱི་ཡོ་རོབ་མནའ་འབྲེལ་གྱི་དབུ་ཚོགས་འཚོགས་ཤིང་། དབྱིན་ཇི་ཕུད་པའི་རྒྱལ་ཁབ་27གྱི་འགོ་ཁྲིད་པས་དབུ་ཚོགས་ཐོག་གོང་གསལ་གྱི་གྲོས་ཆོད་ལ་གྲོས་འཆམ་བྱས་པ་རེད། གྲོས་ཆོད་ཀྱིས་ད་དུང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་། ཡོ་རོབ་གྲོས་ཚོགས། ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་བཅས་ཀྱིས་གྲོས་མཐུན་དེ་ཟླ་11ཚེས་1ཉིན་ནུས་པ་ཐོན་ཆེད་དགོས་ངེས་ཀྱི་གོ་རིམ་འདོན་རྒྱུ་བསྟན་ཡོད་པ་རེད།
     དཀའ་སྤྱད་ཀྱིས་གྲོས་མོལ་བྱས་པ་བརྒྱུད་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་17ཉིན་གྱི་སྔ་དྲོ་དབྱིན་ཇི་སྲིད་གཞུང་དང“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”སྐོར་གྱི་གྲོས་མཐུན་གསར་པ་བཞག་པ་རེད། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེས་གྲོས་མཐུན་གསར་པ་དེ་ཡོ་རོབ་མནའ་འབྲེལ་དང་དབྱིན་ཇིའི་ངོས་ནས་བརྗོད་ན“དྲང་གཞག་དང་དོ་སྙོམས”ཀྱི་གྲོས་མཐུན་ཞིག་རེད། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་27གྱི་འགོ་ཁྲིད་པའི་ཁས་ལེན་ཐོབ་རྗེས་གྲོས་མཐུན་དེར་ད་དུང་ཡོ་རོབ་གྲོས་ཚོགས་དང་དབྱིན་ཇིའི་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པ་དང་ཆོག་མཆན་ཐོབ་རྗེས་གཞི་ནས་ནུས་པ་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད།
     2016ལོའི་ཟླ་6པར། དབྱིན་ཇིའི་དམངས་ཡོངས་ཀྱིས་འདེམས་ཤོག་འཕངས་ནས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གཏན་འཁེལ་བྱས་པ་རེད། 2018ལོའི་ཟླ་11པར། སྐབས་དེར་དབུ་བཞུགས་བློན་ཆེན་གྱི་འགན་འཁུར་མཁན་ཐེ་ལེ་ཧྲ་མའེ་ཡིས་འགོ་ཁྲིད་གནང་བའི་དབྱིན་ཇི་སྲིད་གཞུང་དང་ཡོ་རོབ་མནའ་འབྲེལ་དབར“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གྲོས་མཐུན་བཞག་པ་རེད། གྲོས་མཐུན་དེ་དབྱིན་ཇིའི་གྲོས་ཚོགས་ཀྱིས་སྔ་རྗེས་སུ་ཐེངས་གསུམ་ཁྲ་སློག་བཏང་པ་དང་ཐེ་ལེ་ཧྲ་མའེ་ཡང་མཐར་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང་བ་རེད། 2019ལོའི་ཟླ་7ཚེས་24ཉིན། དབྱིན་ཇིའི་རྙིང་ཞེན་ཏང་གི་འགོ་གཙོ་གསར་པོའོ་ལི་སི་གཡོད་ཧན་ཤུན་གྱིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་དངོས་སུ་བཞེས། ཁོང་གིས་དབྱིན་ཇི་ཟླ་10ཚེས་31ཉིན་གྱི་དུས་བཀག་གོང“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ”ཐུབ་ངེས་ཡིན་པ་དང་། དབྱིན་ཇིས་ཡོ་རོབ་མནའ་འབྲེལ་དང“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གྲོས་མཐུན་གསར་བ་དང་དེ་ལས་ཡག་པ་ཞིག་འཇོག་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་བཤད་བྱས་ཡོད་པ་རེད།
ཟླ་10ཚེས་17ཉིན། པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་དུ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ།
ཟླ་10ཚེས་17ཉིན། པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་དུ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ།