འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅།།བྷོ་ཀྲུང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་བྷོ་ཧེར་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ས་ར་ཡེ་ཝོ་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་བྷོ་ཧེར་གྱི་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཚེས་12ཉིན་བྷོ་ཧེར་གྱི་རྒྱལ་ས་ས་ར་ཡེ་ཝོར་འཚོགས་ཤིང་། བྷོ་ཧེར་གྱི་ཆབ་སྲིད་ལས་རིགས་དང་། རིག་གཞུང་ལས་རིགས། ཚོང་དོན་ལས་རིགས། དེ་བཞིན་སྨྱན་སྦྱོར་གྱི་གྲགས་ཅན་མི་སྣ་བཅས་ཁྱོན་མི་20ལྷག་ཙམ་ཚོགས་འདུར་ཞུགས་ཏེ། བྷོ་ཀྲུང་འབྲེལ་བའི་ད་ལྟའི་གནས་བབ་དང་དེ་བཞིན་འབྱུང་འགྱུར་ཐད་རང་ཉིད་ཀྱི་བསམ་འཆར་ལྷུག་པོར་གླེང་བ་རེད།
     ཚོགས་ཞུགས་མི་སྣ་ཚོས། ཉེ་བའི་ལོ་ཤས་རིང་བྷོ་ཧེར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་དབར་མཉམ་ལས་བྱས་པ་ལས། བྷོ་ཧེར་ལ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཐོབ་ཡོད་པས། བྷོ་ཧེར་གྱིས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་གྱིས་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་འཛིན་གཅིག་མཐུན་བྱས་པ་དང་དུས་མཚུངས། རིག་གཞུང་དང་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་སྤེལ་རེས་ཟབ་ཏུ་འགྲོ་རེའང་བྱས་པ་རེད།