འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅།།ཀྲུང་གོས་སྐྲུན་རོགས་བྱེད་པའི་པོ་ཚི་ཝ་ནའི་སློབ་ཆུང་བཞི་པའི་ཨར་ལས་མཛད་སྒོ་གཉེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་པོ་རོ་ནེ་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྲིད་གཞུང་གིས་སྐྲུན་རོགས་བྱེད་པའི་པོ་ཚི་ཝ་ན་ཁ་ཙུན་ཀུ་ལ་སློབ་ཆུང་རྣམ་གྲངས་ཀྱི་ཨར་ལས་མཛད་སྒོ་ཚེས་15ཉིན་པོ་ཚི་ཝ་ནའི་བྱང་རྒྱུད་ཁ་ས་ཉི་གྲོང་འདབས་སུ་གཉེར་ཞིང་། དེ་ནི་ཀྲུང་གོ་སྲིད་གཞུང་གིས་པོ་ཚི་ཝ་ནར་སྐྲུན་རོགས་བྱེད་པའི་སློབ་ཆུང་བཞི་པ་ཡིན་པ་རེད།
    པོ་ཚི་ཝ་ན་ས་གནས་སྲིད་གཞུང་དང་གྲོང་གསེབ་འཕེལ་རྒྱས་པུའུ་ཀྲང་ཧྥུའུ་ལང་སི·ཧྥན་ཏེ་ཝེ་སི་ཐེ་ཧོ་དབྱི་ཙེང་གིས་དེ་ཉིན་ཨར་ལས་མཛད་སྒོར་ཤིས་ཚིག་གསུང་སྐབས། ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་པར་ཧ་ཅང་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བཤད།
     པོ་ཚི་ཝ་ནར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲའོ་ཡན་པོས། ཀྲུང་གོ་དང་པོ་ཚི་ཝ་ན་ཕྱོགས་གཉིས་ཀྱིས་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཡུན་རིང་བ་དང་ད་ལོའི་ཟླ་9པའི་ཟླ་མཇུག་བར་པོ་ཚི་ཝ་ནའི་མི་1454ལ་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སོགས་གསོ་སྦྱོང་རྣམ་གྲངས་ཀྱི་ཕན་པ་ཐོབ་ཡོད་ཅེས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། སློབ་ཆུང་དེ་བསྐྲུན་ཚར་ན་སློབ་མ་560ཤོང་ཐུབ་པ་དང་། ཡུལ་དེའི་གྲོང་མིའི་བུ་ཕྲུག་གི་སློབ་གསོ་ཐོབ་པའི་མཐུན་རྐྱེན་ལེགས་སུ་ནུས་ལྡན་འགྲོ་སྲིད།