འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅།།གྲོང་ཚོ་རིམ་པའི་དངོས་ཚན་དཔལ་འབྱོར་སྟོབས་ཆེར་བཏང་ནས་མང་ཚོགས་ཕྱུག་འགྱུར་ཡོང་བར་
སྣེ་ཁྲིད་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་བའི་ལོ་ཤས་རིང་། ཆིན་ལིང་རི་ཁུག་ཏུ་གནས་པའི་ཧྲའན་ཤིས་ཞིང་ཆེན་ལུའོ་ནན་རྫོང་སི་ཧའོ་ཁྲོམ་གཞུང་དོན་གཅོད་ཁང་གིས་ཏང་ཀྲི་པུའི་སྣེ་ཁྲིད་དང་། འཇོན་ཐང་ཅན་གྱི་སྐུལ་ཁྲིད། ཚོང་འགུགས་མཉམ་གཉེར་སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “ཀྲི་པུའུ+མཉམ་སྡེབ་དཔལ་འབྱོར+རྟེན་གཞི+ཞིང་དུད(དུད་ཚང་དབུལ་པོ)”རྣམ་གྲངས་ཀྱི་ཚོགས་སྒྲིག་བྱེད་སྟངས་བརྒྱུད་རི་བོང་གསོ་ཚགས་དང་། བྱ་དེ་གསོ་ཚགས། བཟའ་བཅའི་ཤ་མོ། འོད་ཤུགས་སོགས་ཀྱི་ཐོན་ལས་ལ་དམིགས་ནས་གྲོང་ཚོ་རིམ་པའི་མཉམ་ལས་དཔལ་འབྱོར་མཉམ་འབྲེལ་ཁང་18བཙུགས་པ་དང་། གྲོང་ཚོ་རིམ་པའི་དངོས་ཚན་དཔལ་འབྱོར་ཁེ་ལས་15འཕེལ་རྒྱས་བཏང་བས་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་སོང་བ་དང་ཆབས་ཅིག་དུད་ཚང་315དང་མི་962ལ་ཐོན་ལས་འཕེལ་རྒྱས་བཏང་བ་ལས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་རེད།