འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅།།རིགས་གཅིག་མཁས་ཅན་གྱིས་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་སྒྲོལ་
བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་ཚོ་དབུལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་མིར་ཐུག་ཡོད། ཉིན་ཤས་གོང་འཚོགས་པའི་2019ལོའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོའི“གྲོང་གསེབ་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ”གྱི་གླེང་སྟེགས་ཐོག་རིགས་གཅིག་མཁས་ཅན་གྱིས་གྲོང་ཚོ་དབུལ་པོའི་ལས་གཏོད་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུའུ་ཡིས་གྲོང་ཚོ་དབུལ་པོའི་ལས་གཏོད་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པའི་ནུས་པ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་སྔར་ནས་བཟུང་གྲོང་ཚོ་དབུལ་པོའི་ལས་གཏོད་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་གསོ་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཉེ་ལམ་ལོ་ཤས་རིང་འཚོལ་ཞིབ་ཐུབ་པའི“ཏང་འཛུགས་སྐྱོང་+ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ”སོགས་ཀྱི་བྱེད་ཐབས་ལས་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བརྗོད་པ་རེད།
     ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་ལས་གཏོད་རྣམ་གྲངས་ཀྱི་ལས་མི་སྤྱོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད་མི་འབོར་དབུལ་པོ་ལས་ཞུགས་བརྟན་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཟོ་དགོས་པ་དང་། རྒྱུ་ནོར་ཁེ་འབབ་དབུལ་སྐྱོར་གྱི་འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་དུད་ཚང་དབུལ་པོས་ས་ཞིང་གཉེར་སྐྱོང་དབང་ཆ་མ་རྐང་ནང་ཞུགས་པའི་རྣམ་གྲངས་བརྒྱུད་ཁེ་འབབ་མ་བྱུང་གོང་དུད་ཚང་དབུལ་པོའི་ཡུན་རིང་གི་ཁེ་ཕན་འགན་སྲུང་ལ་ལམ་ལུགས་ཀྱི་བཀོད་སྒྲིག་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
     2019ལོའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོའི“གྲོང་གསེབ་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གླེང་སྟེགས”ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་རྒྱལ་ཡོངས་དབུལ་སྐྱོར་དྲིལ་བསྒྲགས་སློབ་གསོའི་ལྟེ་གནས་དང་། ཀྲུང་གོ་དབུལ་སྐྱོར་དང་བླངས་ཞབས་ཞུའི་སྐུལ་སྤེལ་ལྷན་ཚོགས། དུས་བདེ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། མིག་སྔའི་བར་ཀྲུང་གོའི་དབུལ་སྐྱོར་དང་བླངས་ཞབས་ཞུའི་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྦྱོང་ཐེངས་143བྱས་པར་རིམ་རྩིས་བྱས་ན་སློབ་མ་ཁྲི་1.15ཞུགས་པ་རེད།