འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅༎རང་རྒྱལ་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚོང་བྱེད་ཚད་
དུས་མཚུངས་ལས་བརྟན་པོའི་ངང་འཕར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། གསར་འགོད་པར་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་དགུ་པ་བར་རང་རྒྱལ་གྱི་རླངས་འཁོར་ཐོན་ཚོང་བྱེད་ཚད་ཁྲི་1814.9དང་1837.1ཟིན་ཏེ་དུས་མཚུངས་ལས་11.4%དང་10.3%ཆག་ཡོད། དེའི་ཁྲོད་དུས་ཚིགས་དང་པོ་ནས་གསུམ་པའི་བར་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚོང་བྱེད་ཚད་ཁྲི་88.8དང་ཁྲི་87.2ཟིན་ཏེ་དུས་མཚུངས་ལས་20.9%དང་20.8%འཕར་ཡོད་པ་རེད།