འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅༎མཚོ་བོད་ལམ་དུ་ལེགས་སྐྱེས་འབུལ་མཁན“མཚོ་བོད་ས་མཐོའི་དཔེ་བཟང་ལས་བྱེད་པ”ཀྲང་ཏིང་ཆོན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     བོད་དམག་ཁུལ་ཁང་མཚོ་བོད་དམག་ཚུགས་ཀྱི་དམག་མིའི་ལོ་རྒྱུས་ཁང་དུ་འཇིབ་བརྙན་ཞིག་གློག་འོད་འོག་བརྗིད་ཉམས་ལྡན་པའི་ངང་གནས་ཡོད་ཅིང་། འབུར་བརྙན་དེའི་སྟེང་དུ་ཀྲང་ཏིང་ཆོན་ཞེས་པའི་ཡི་གེ་ཆེན་པོ་གསུམ་བྲིས་ཡོད། གནས་འདིར་ལྟ་སྐོར་དང་སློབ་སྦྱོང་ལ་ཡོང་མཁན་དཔོན་དམག་ཚང་མས་དེར་སླེབས་སྐབས་གོམ་པ་སྤོ་མཚམས་བཞག་སྟེ། དཔའ་བོར་དྲན་གསོ་ཞུས་པ་དང་དཔའ་བོ་དཔེ་བཟང་བའི་འོད་སྟོང་འབར་བའི་བྱས་རྗེས་ཉན་གྱི་ཡོད།
     ཀྲང་ཏིང་ཆོན། ཧྲན་ཤིས་ཞིང་ཆེན་ཀོ་ཧོ་རྫོང་ནས་ཡིན་པ་དང་། 1953ལོར་འཁྲུངས་པ། 1969ལོར་དམག་མིར་འཛུལ་བ། 1971ལོར་ཏང་ལ་ཞུགས་པ་རེད། ཁོང་གིས་ཁ་ལོ་བ་དང་། ཚན་མོའུ། ཁོའོ་ཀྲང་གཞོན་པ། ཁོའོ་ཀྲང་སོགས་ཀྱི་འགན་འཁུར་མྱོང་ཡོད། ཁོང་གིས་ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་དཀོན་པའི་མཚོ་བོད་ས་མཐོར་ལོ་20ལྷག་ཙམ་ཕྱག་ལས་གནང་རིང་། ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་གདང་ལ་ཐེངས་བརྒྱ་ཙམ་སྒྲོལ་མྱོང་བ་དང་། གངས་ཆེན་གྱི་གནོད་འཚེ་སོགས་ཉེན་ཁའི་གནས་ཚུལ་ཐེངས་བཅུ་ཕྲག་འཕྲད་མྱོང་བ། བོད་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ལས་འགན་ཐེངས་མང་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཡོད།
     ལས་ཁུངས་སུ་ལས་ཀ་ལོ་13བྱེད་རིང་། ཀྲང་ཏིང་ཆོན་རླངས་འཁོར་ཐེངས་ཁྲི་10ལྷག་ཙམ་གྱི་བཀོད་འདོམས་ལ་ཞུགས་ནས། བོད་དུ་དངོས་ཟོག་ཏུན་ཁྲི་བརྒྱ་ཙམ་སྐྱེལ་འདྲེན་བྱས་པ་དང་། ཡིག་འབྲུ་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་ཡིག་ཆ་བྲིས་ནས་བཟོ་བཅོས་བརྒྱབ་སྟེ་ཁོང་གིས《མཚོ་བོད་ལམ་གྱི་སྐྱེལ་འདྲེན་ལས་ཀའི་ལག་དེབ》སྒྲིག་བཟོ་བྱས་པས་ས་མཐོའི་སྐྱེལ་འདྲེན་གྱི་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། དམག་ཡོངས་ལ་ཕན་པའི་རླངས་འཁོར་དཔུང་སྡེ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་ཤིག་མཚོ་བོད་ལམ་ཐིག་ཐོག་བཞག་ཡོད། རང་ཉིད་ལ་སྐྲན་ནད་ཕོག་ནས་ཡུན་རིང་ན་ཟུག་ཚད་མེད་བཏང་ཡང་། ཁོང་གིས་མི་རྣམས་ཧང་སང་བའི་སྙིང་སྟོབས་ལ་བརྟེན་ནས་ནད་གཞི་དང་འཐབ་རྩོད་ཀྱིས་ཉིན་མཚན་དབྱེར་མེད་དུ་ལས་ལ་གཞོལ།
     1990ལོའི་ཟླ་5པར། དཔུང་སྡེས་སྐྱེལ་འདྲེན་གྱི་ལས་འགན་ཞིག་སྒྲུབ་དགོས་པའི་བཀའ་ཕབ་པ་ལྟར། ཁོང་གིས་ཚང་མའི་ཁ་ཏ་བསླབ་བྱར་མི་ཉན་པར་ན་ཟུག་ཁྱད་བསད་ཀྱིས་ལས་འགན་སྒྲུབ་པའི་ནང་ཞུགས་པ་མ་ཟད། ལས་གནས་ཐོག་མགོ་ཡུ་འཁོར་ནས་ཐེངས་མང་འགྱེལ་མྱོང་ཡོད། 1991ལོའི་ཟླ་7ཚེས་5ཉིན། ཀྲང་ཏིང་ཆོན་ལ་གློ་བའི་སྐྲན་ནད་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེ་ལས་འདས་པ་དང་སྐབས་དེ་དུས་ཁོང་ལོ་38རེད།
     1991ལོར་མཚོ་སྔོན་ཞིང་ཨུད་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་དམག་ཁུལ་ཁང་བཅས་ཀྱིས་ཁོང“སློབ་སྦྱོང་གཉིས”ཀྱི་དཔེ་དམག་ལ་བདམས་ཤིང་། 1991ལོའི་ཟླ་5པར། ཀྲུང་དབྱང་དམག་ཨུད་ཀྱིས་ཁོང་ལ“མཚོ་བོད་ས་མཐོའི་དཔེ་བཟང་ལས་བྱེད་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད། དེ་རྗེས“ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཆེད་ལེགས་སྐྱེས་ཆེན་པོ་འབུལ་མཁན་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་སྔོན་ཐོན་དཔེ་བཟང་མི་སྣར”བདམས་པ་རེད།
     བློ་མཐུན་ཀྲང་ཏིང་ཆོན་གྱི་བྱས་རྗེས་སྨྱན་སྦྱོར་བརྒྱུད་དྲིལ་བསྒྲགས་རྒྱ་ཁྱབ་བྱས་རྗེས། དཔུང་སྡེའི་ཕྱི་ནང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་མ་ཟད། དམག་ཡོངས་སུ“དཔའ་བོ་དཔེ་བཟང་བར་སློབ་སྦྱོང་དང་། དཔའ་བོ་དཔེ་བཟང་བར་གོང་བཀུར། དཔའ་བོ་དཔེ་བཟང་བ་བརྩོན་ལེན”བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད།
     མཚོ་བོད་དམག་ཚུགས་ཀྱི་ཆབ་སྲིད་ཨུ་ཡོན་ཐེན་ལེན་གྱིས། དཔོན་དམག་ཚོས་བློ་མཐུན་ཀྲང་ཏིང་ཆོན་མིག་དཔེར་བརྩིས་ཏེ“དཀའ་སྡུག་ལྷག་པར་ཐུབ་པ་དང་། བཟོད་བསྲན་ལྷག་པར་ཐུབ་པ། དམག་འཐབ་ལྷག་པར་ཐུབ་པ”བཅས་ཀྱི“ལྷག་པར་གསུམ”གྱི་གསར་བརྗེའི་སྙིང་སྟོབས་རང་རྟོགས་ངང་ལག་བསྟར་གྱིས་ས་མཐོར་གཞི་ཚུགས་པ་དང་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་ཕུལ་ནས་ཁ་བ་བུ་ཡུག་འཚུབ་པའི་མཚོ་བོད་ལམ་དུ་ས་མཐོའི་དཔོན་དམག་གི་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་དགོས་ཞེས་བརྗོད།