འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅༎རི་འཛེག་ལ་མོས་མཁན་39ཡིས་ནོར་སྟོད་རི་རྩེར་འཛེགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཉིན་དེའི་སྔ་དྲོར་རི་འཛེག་ལ་མོས་མཁན་ཚོས་ནོར་སྟོད་རི་བོར་འཛེག་བཞིན་པ།
འདི་ནི་ཉིན་དེའི་སྔ་དྲོར་རི་འཛེག་ལ་མོས་མཁན་ཚོས་ནོར་སྟོད་རི་བོར་འཛེག་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་ཆུ་ཚོད་6པ་ཙམ་དུ། རི་འཛེག་ལ་མོས་མཁན་42ཀྱིས་ནོར་སྟོད་རི་རྩེའི་ས་བབ་མཐོ་ཚད་སྨི་5600ཡོད་པའི་གངས་ཐིག་ནས་རྡོག་ཐོན་བྱས་ཏེ། ས་བབ་མཐོ་ཚད་སྨི་6010ཡོད་པའི་རི་རྩེར་འཛེགས་པ་རེད། ཆུ་ཚོད་4ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། རི་འཛེག་པ་3གཟུགས་པོ་བདེ་པོ་མ་བྱུང་བའི་རྐྱེན་གྱིས་ཕྱིར་འཐེན་བྱས་པ་ཕུད། དེ་བྱིངས་རི་འཛེག་པ་39ཚང་མ་རྒྱལ་ཁའི་ངང་རི་རྩེར་འཛེགས་ཐུབ་པ་རེད། 
     ཝུའུ་ཧན་ནས་ཡིན་པ་དང་འདི་ལོ་ལོ་24ལ་སླེབས་པའི་ཡན་ཙེ་ཅིན་དབུགས་ཧལ་བཞིན་འཁོར་རིགས་འཇོག་སར་འབྱོར། ཁོང་གིས“ཆུང་དུས་ནས་ཕྱི་རོལ་གྱི་ལས་འགུལ་ལ་དགའ་པོ་ཡོད་པས། སྔར་ནས་བོད་དུ་རི་འཛེག་པར་ཡོང་རེ་བྱས་པ་ཡིན། དེ་རིང་གཞི་ནས་ཕུགས་འདུན་གྲུབ་སོང་བས་ཧ་ཅང་དགའ་པོ་བྱུང”ཞེས་བཤད། 
     ལོ་48ལ་སླེབས་པའི་རི་འཛེག་པ་ཝུའུ་ཅང་གིས“ད་ཐེངས་རང་ཉིད་ཀྱིས་ནོར་སྟོད་རི་རྩེར་འཛེག་ཐེངས་དང་པོ་ཡིན་རུང་། ལ་དུག་ཕོག་པའི་སྣང་བ་དེ་ཙམ་མ་བྱུང”ཞེས་བཤད་པ་དང་། ནོར་སྟོད་རི་རྩེ་གཡང་གཟར་པོ་དེ་ཙམ་མེད་ལ་འཛེག་དཀའ་པོ་དེ་ཙམ་མི་འདུག་པས། དེ་ནི་རིར་འཛེག་ཐེངས་དང་པོ་ཡིན་མཁན་ཚོའི་གདམ་ག་ཡག་ཤོས་རེད་འདུག་ཅེས་བཤད། 
     ངོ་སྤྲོད་བྱས་པར་གཞིགས་ན། རི་མ་འཛེགས་གོང་གི་ཉིན་གཉིས་ནང་རི་འཛེག་ལ་མོས་མཁན་ཚོས་རྩལ་སློབ་པའི་སྣེ་ཁྲིད་འོག གངས་ཐིག་ཁུལ་དུ་ས་བབ་མཐོ་བའི་རྐང་ཐང་མའི་སྦྱོང་བརྡར་བྱས་པ་དང་འབྲེལ། འཁྱག་འཁར་སོགས་རི་འཛེག་སྒྲིག་ཆས་སྤྱོད་སྟངས་སྦྱངས་པ་རེད། རིར་འཛེག་སྐབས་རྩལ་སློབ་པ་དང་མཉམ་ལས་པས་ལམ་བརྒྱུད་ཧྲིལ་པོར་འཛེག་རོགས་བྱས་པ་དང་འབྲེལ། གསོ་རླུང་འཁྱེར་ཡོད། གལ་ཏེ་རི་འཛེག་སྐབས་ལ་དུག་ཕོག་པའི་སྣང་བ་ཚབས་ཆེན་བྱུང་ཚེ་དཔུང་རོགས་ཚོགས་ཆུང་གིས་ད་དུང་ཛ་དྲག་ཆེ་བའི་སྐྱོབ་རོགས་བྱེད་ཐབས་སྤྱད་ཡོད།
འདི་ནི་ཟླ་10ཚེས་16ཉིན། རི་འཛེག་ལ་མོས་མཁན་ཚོས་ནོར་སྟོད་རི་བོར་འཛེགས་ཐུབ་རྗེས་མཉམ་དུ་པར་ལེན་བཞིན་པ།
འདི་ནི་ཟླ་10ཚེས་16ཉིན། རི་འཛེག་ལ་མོས་མཁན་ཚོས་ནོར་སྟོད་རི་བོར་འཛེགས་ཐུབ་རྗེས་མཉམ་དུ་པར་ལེན་བཞིན་པ།