འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅༎དངོས་བྲིས་རྩོམ་རིག《ཁྲོ་ལའི་མཐོ་ཚད—— འཆི་མེད་རྡོ་རྗེའི་གཏམ་རྒྱུད》 དཔེ་སྐྲུན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རྩོམ་པ་པོ་ཁྲེན་ཅིའི་དངོས་བྲིས་རྩོམ་རིག་བརྩམས་ཆོས《ཁྲོ་ལའི་མཐོ་ཚད——འཆི་མེད་རྡོ་རྗེའི་གཏམ་རྒྱུད》ཉིན་ཤས་གོང་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་། དེབ་དེར“དུས་རབས་ཀྱི་མིག་དཔེ”དང“འབད་འཐབ་པ་ཡག་ཤོས”འཆི་མེད་རྡོ་རྗེའི་འཚར་ལོངས་སྐོར་དང་། འཚོ་བའི་གཏམ་རྒྱུད། སྔོན་ཐོན་བྱས་རྗེས་བཅས་དངོས་སུ་བཀོད་ནས་འཆི་མེད་རྡོ་རྗེའི་གཟི་བརྗིད་ལྡན་པའི་གཟུགས་བརྙན་མངོན་ཡོད་ལ། ཁོང་གིས་ལས་གཅེས་ལས་བཀུར་དང་། མཐུན་སྒྲིལ་ལ་དགའ་ཞེན། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་བཅས་ཀྱི་བསམ་པའི་མཐོ་ཚད་ཀྱང་གསལ་པོར་མངོན་ཡོད།
     འཆི་མེད་རྡོ་རྗེ་ནི་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་སྦྲག་སྲིད་ཡན་ལག་ཀུང་སིའི་སྦྲག་འཁོར་གཏོང་མཁན་ཞིག་ཡིན་ཞིང་། ཁྲོན་བོད་སྦྲག་ལམ་དཀར་མཛེས་ནས་སྡེ་དགེ་བར་གྱི་སྦྲག་སྐྱེལ་གྱི་ལས་འགན་འཁུར་གྱི་ཡོད། ཁོང་ནི་ལས་གཅེས་ལས་བཀུར་བ་ཞིག་ཡིན་ཞིང་། ལོ་30ཉིན་གཅིག་ལྟར་སྦྲག་འཁོར་བཏང་སྟེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ཡོད་པའི་གངས་ལྗོངས་སྦྲག་ལམ་དུ་སྦྲག་བསྐུར་སྐྱེལ་འདྲེན་བྱས་ཏེ། རིམ་རྩིས་བྱས་ན་ལམ་ཐག་སྤྱི་ལེ་ཁྲི་140ལྷག་ཙམ་ཟིན་ནཡང་འགན་འཁྲིའི་ལས་འཛོལ་གཅིག་ཀྱང་ཐོན་མྱོང་མེད། ཁོང་ནི་བློ་བརྟན་འགྱུར་མེད་པ་ཞིག་ཡིན་ཞིང་། མི་ངན་གྱི་འཇབ་རྒོལ་འཕྲད་སྐབས་ཁོང་གིས་དཔའ་ངར་ཆེར་བསྐྱེད་ཀྱིས་གདོང་མཆོང་བྱས་ནས་རང་ཉིད་ཀྱི་ཚེ་སྲོག་ལ་བརྟེན་ནས་སྦྲག་བསྐུར་གྱི་བདེ་འཇགས་སྲུང་སྐྱོང་བྱས་པ་དང་། ལུས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཀྱང་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱས་ཏེ་སྙིང་རུས་ཆེན་པོས་ཡང་བསྐྱར་ལས་གནས་ཐོག་བསྐྱོད་ཡོད། ཁོང་ནི་མཐུན་སྒྲིལ་ལ་དགའ་ཞེན་བྱེད་མཁན་ཞིག་ཡིན་ཞིང་། ཁོང་གིས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁྲོན་བོད་ལམ་དུ་ཏང་ཀྲུང་དབྱང་གི་གསུང་སྒྲ་དང་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྦྲག་བསྐུར་གངས་ལྗོངས་ཀྱི་ས་ཕྱོགས་གང་སར་བསྐྱལ་བ་དང་། ལྷག་བསམ་ཟོལ་མེད་ཀྱིས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བས་མང་ཚོགས་ཚོས་ཁོང་ལ“གངས་ལྗོངས་སྦྲག་ལམ་གྱི་བདེ་སྐྱིད་ཕོ་ཉ”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།