འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་17ཉིན།

༄༅༎བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ལས་རིགས་ཀྱི་གནམ་གཤིས་སྔོན་བརྡའི་རྩལ་ནུས་འགྲན་བསྡུར་སྐབས་ལྔ་པ་ལྷ་སར་གཉེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་10ཚེས་16ཉིན། རྒྱུགས་སྤྲོད་ལྟ་ཞིབ་མི་སྣས་དུས་ཐོག་གི་གནམ་གཤིས་སྔོན་བརྡའི་རྒྱུགས་རར་རྒྱུགས་ཤོག་སྤྲོད་བཞིན་པ།
ཟླ་10ཚེས་16ཉིན། རྒྱུགས་སྤྲོད་ལྟ་ཞིབ་མི་སྣས་དུས་ཐོག་གི་གནམ་གཤིས་སྔོན་བརྡའི་རྒྱུགས་རར་རྒྱུགས་ཤོག་སྤྲོད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཉིན་དེར། བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ལས་རིགས་ཀྱི་གནམ་གཤིས་སྔོན་བརྡའི་རྩལ་ནུས་འགྲན་བསྡུར་སྐབས་ལྔ་པ་དེ་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཚན་རིག་ཁྱབ་གདལ་སློབ་གསོ་ལྟེ་གནས་སུ་གཉེར་བ་རེད། འགྲན་བསྡུར་དེ་ལོ་རྒྱུས་ཐོག་གི་དཔེ་མཚོན་གནམ་གཤིས་སྔོན་བརྡ་དང་། དུས་ཐོག་གི་གནམ་གཤིས་སྔོན་བརྡ། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ལས་སྒོའི་ཚད་གཞི། སྔོན་བརྡ་དབྱེ་ཞིབ་དང་ཡུལ་དངོས་ཀྱི་དྲི་བ་དྲིས་ལན་སོགས་ནང་དོན་རྐྱང་པ་བཞིར་དབྱེ་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་གི་གནམ་གཤིས་ཅུས་དང་། ལྗོངས་གནམ་གཤིས་ལས་ཁུངས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་སོགས་ཚན་པའི་བདམས་ཐོན་པ་22འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
【1】  【2】
༄༅༎བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ལས་རིགས་ཀྱི་གནམ་གཤིས་སྔོན་བརྡའི་རྩལ་ནུས་འགྲན་བསྡུར་སྐབས་ལྔ་པ་ལྷ་སར་གཉེར་བ།