འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་17ཉིན།

༄༅༎རེས་སྐོར་གསར་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎རེས་སྐོར་གསར་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པ་འགོ་ཚུགས་པ།
     བོད་རང་སྐྱོང་ལྗོངས་ཀྱིས《“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་རེས་སྐོར་གསུམ་པའི་ཁྲོམ་རའི་སྐུལ་སྤེལ་གཟིགས་སྐྱོང་སྲིད་ཇུས》ལ་གཞིགས་ཏེ། “དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་རེས་སྐོར་གསུམ་པའི་དུས་ཚོད་ནི་2019ལོའི་ཟླ་10ཚེས་15ཉིན་ནས་2020ལོའི་ཟླ་3ཚེས་15ཉིན་བར་ཁྱོན་ཟླ་5ཡིན་པ་རེད། དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད། ལྗོངས་ཡོངས་ཀྱི་གཞུང་ཁོངས་A3རིམ་པ(A3རིམ་པ་ཚུད་པ)ཡན་གྱི་མཛེས་ལྗོངས་ཁུལ་ལ་རིན་མེད་ལྟ་སྐོར་བྱེད་ཆོག་པ་དང་། གཞུང་ཁོངས་ཀྱིA3རིམ་པ་མན་ཆད་དང་གཞུང་ཁོངས་མ་ཡིན་པའི་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་དེ་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་རིན་གོང་གི་རྨང་གཞིའི་ཐོག་ཕྱེད་ཀ་གཅོག་རྒྱུ་ཡིན་ཞིང་། འདི་ནི་ཟླ་10ཚེས་15ཉིན། ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།