འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་17ཉིན།

༄༅༎ཀྲུང་གོ་དང་ནེ་པ་ལས་མཉམ་ལས་བྱེད་ཐབས་གསར་གཏོད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཞིང་འབྲོག་པར་བདེ་སྐྱིད་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     གང་སར་སྐྱེས་པའི་རྩྭ་ངན་དང་ཐ་ན་མི་རབས་ནས་མི་རབས་བར་གྱིས་འབུད་ཤིང་བྱས་པའི་འབྲས་ཤུན་དང་ཨ་ཤོམ་གྱི་སོག་མ་སོགས་ཞིང་ལས་སྐྱེ་དངོས་ཀྱི་ཟོག་རོར་དངུལ་རག་པ་ཤེས་རྗེས། ནེ་པ་ལའི་ཞིང་པ་དཀྱུས་མ་ཙམ་མ་ཟད། དཔོན་རིགས་ཀྱང་ཧང་སངས།
     ཀྲུང་གོའི་གཞིས་རྩེ་ཇོ་མོ་གླང་མ་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་ཨ་ཤོམ་གྱི་སོག་མ་སོགས་ནང་འདྲེན་གྱི་སྐོར་གླིང་སྐབས། ནེ་པ་ལའི་བཟོ་ལས་དང་ཚོང་ལས་མཁོ་སྤྲོད་པུའི་གསར་འགྱུར་དཔོན་རིགས་ཡེ་ཅ·ལ་ཇེ·ཁ་ལེར་ཡིད་མ་ཆེས་པར་གྱུར། འོན་ཀྱང་རྣམ་གྲངས་ཧྲིལ་པོའི་གནས་ཚུལ་ཤེས་རྗེས། ཁ་ལེར་གྱིས“རྣམ་གྲངས་འདི་ཧ་ཅང་ཡག་པོ་འདུག ནེ་པ་ལའི་ཞིང་པ་དེ་བས་མང་པོར་ཕན་པ་ཐོབ་སྲིད། ང་ཚོའི་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡིན”ཞེས་བཤད།
     “རྩྭ་ངན་དང་ཨ་ཤོམ་གྱི་སོག་མ་སོགས་བེད་མེད་ཀྱི་ཟོག་རོ་ནོར་བུར་གྱུར་ཏེ། རྒྱལ་ཁབ་གཉིས་པོའི་ཞིང་འབྲོག་མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཡོད”ཅེས་ཇོ་མོ་གླང་མ་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ནེ་པ་ལའི་རྣམ་གྲངས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་ཏུང་ཆི་ཅུན་གྱིས་བཤད།
     ནེ་པ་ལ་ནི་སྲོལ་རྒྱུན་གྱི་ཞིང་ལས་རྒྱལ་ཁབ་ཅིག་ཡིན་ཞིང་། གཞུང་ཕྱོགས་ཀྱི་གྲངས་གཞི་ལས་མངོན་པར། ཞིང་ལས་ཐོན་སྐྱེད་རིན་ཐང་གིས་རྒྱལ་ཁབ་དེའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང(GDP)གི་30%ཙམ་བཟུང་ཡོད། ནེ་པ་ལའི་ཞིང་པར་རྟག་ཏུ་ཨ་ཤོམ་གྱི་སོག་མ་སོགས་ཐག་གཅོད་ཇི་ལྟར་བྱེད་དགོས་པའི་དཀའ་ངལ་འཕྲད་ཀྱི་ཡོད། ཡིན་ནའང་། ཧི་མ་ལ་ཡའི་ཕར་ཕྱོགས་ཀྱི་ཀྲུང་གོའི་བོད་ལྗོངས་ལ་རྟག་ཏུ་ཕྱུགས་རིགས་ཀྱི་གཟན་རྩྭ་མི་འདང་བའི་གནད་དོན་འཕྲད་བཞིན་ཡོད་དེ། བོད་ལྗོངས་ཀྱི་རྩྭ་ཐང་དུ་རྩྭ་ཁ་སྔོ་བའི་དུས་ཚོད་ཟླ་བ་གསུམ་ལས་མེད་པས། ལོ་ཕྱེད་ལྷག་ཙམ་རིང་། ནོར་ལུག་ལ་གཟན་རྩྭ་འདང་གི་མེད་ཅེས་ཏུང་ཆི་ཅུན་གྱིས་བཤད། 
     ནེ་པ་ལའི་ས་འབྲེལ་གཞིས་རྩེར་ལོ་ལྟར་གཟན་རྩྭ་ཏུན་ཁྲི་147མཁོ་བས། ས་ཆ་གཞན་ནས་གཟན་རྩྭ་ནང་འདྲེན་བྱེད་དགོས་ཀྱི་ཡོད། ཇོ་མོ་གླང་མ་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཁྲེན་གྱིས་གསར་འགོད་པར། གལ་ཏེ་གཟན་རྩྭ་མཚོ་སྔོན་ནས་བོད་ལྗོངས་གཞིས་རྩེར་དབོར་ཚེ། གཟན་རྩྭ་སྐམ་པོ་རྒྱ་མ་རེར་སྒོར་1.4ནས་སྒོར་2བར་བྱེད་ཀྱི་ཡོད། ཡིན་ནའང་། ནས་སྤུས་ལེགས་ཉོས་ནའང་། རྒྱ་མ་རེར་སྒོར་2.3ལས་སྤྲོད་དགོས་ཀྱི་མེད་ཅེས་བཤད། 
     “གཟན་རྩྭར་གོང་འདི་ལྟར་བྱེད་པའི་དབང་གིས། ཀུང་སིས་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་ན་མདུན་ལམ་མེད”ཅེས་བརྗོད། 
     སྐབས་དེ་དུས་མི་ལ་ལས་ཁྱིམ་མཚེས་རྒྱལ་ཁབ་ནེ་པ་ལ་དྲན་ཞིང་། ནེ་པ་ལ་ནས་གཞིས་རྩེ་བར་གྱི་སྐྱེལ་འདྲེན་ལམ་ཐག་སྤྱི་ལེ་600ཙམ་ལས་མེད་པས། སྐྱེལ་འདྲེན་གྱི་མ་གནས་ཕྱེད་ཀ་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད། 
     དེས་ན། ཇོ་མོ་གླང་མའི་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་ཏུང་ཆི་ཅུན་འདི་ལོའི་ཟླ་3པར་ནེ་པ་ལར་རྟོག་ཞིབ་བྱེད་པར་མངགས། ཏུང་ཆི་ཅུན་གྱིས་ནེ་པ་ལར་བུ་རམ་ཤིང་དང་རི་སྐྱེས་རྩྭ་སོགས་གཟན་རྩྭ་འབེལ་པོ་ཡོད་པ་ཤེས། 
     ཏུང་ཆི་ཅུན་གྱིས་ནེ་པ་ལའི་གཟན་རྩྭ་ནང་འདྲེན་བྱས་ཚེ། བོད་ཀྱི་ལུག་ལྟ་བུར་མཚོན་ན། དེ་སྔོན་ལོ་གསུམ་རེར་བཤས་རེ་གཏོང་ཐུབ་པ་ནས་རྗེས་སུ་ལོ་གཅིག་རེར་བཤས་རེ་གཏོང་ཐུབ་ལ། སྤུས་ཀ་ཡང་ལེགས་སུ་འགྲོ་སྲིད་ཅེས་བཤད། 
     མིག་སྔར། ཇོ་མོ་གླང་མའི་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་ནེ་པ་ལའི་ཆི་ཐེ་དབང་ས་ཁུལ་དུ་བཟོ་གྲྭ་བཙུགས་ཟིན་པ་དང་། ལོ་མཇུག་གོང་དུ་ནེ་པ་ལ་ནས་ཀྲུང་གོར་གཟན་རྩྭ་ནང་འདྲེན་བྱ་རྒྱུ་རེད། གལ་ཏེ་ཚོང་ཡག་པོ་བྱུང་ན། ཀུང་སིས་ནེ་པ་ལའི་དེ་བྱིངས་ཀྱི་ས་ཁུལ་དྲུག་ལ་བཟོ་གྲྭ་འཛུགས་རྒྱུ་ཡིན་པས། ལོ་གསུམ་གྱི་ནང་ཚུན་དུ་གཞིས་རྩེའི་ཕྱུགས་རིགས་70%ཡི་གཟན་རྩྭའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད། 
     ཇོ་མོ་གླང་མའི་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ནེ་པ་ལའི་རྣམ་གྲངས་ཀྱི་འགན་འཁུར་བ་ཀྲང་ཅིང་ཞང་གིས་རྩིས་ཞིག་བརྒྱབ་ནས། བཟོ་གྲྭ་གཅིག་ནས་ཉུང་མཐར་ཡང་ནེ་པ་ལའི་དུད་ཚང་800ལྷག་ཙམ་ལ་ཡོང་འབབ་70%ཙམ་མང་དུ་འགྲོ་སྲིད་པའི་ངོས་འཛིན་བྱས་པ་རེད། 
     ཆི་ཐེ་དབང་ས་ཁུལ་གྱི་པོ་ལེ་ཏེ་པུར་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ཕར་ཏི·ཧྲ་ཨ་ཡིས། རྣམ་གྲངས་འདི་ནེ་པ་ལའི་ངོས་ནས་བརྗོད་ན་གསར་གཏོད་ཅིག་རེད། འདི་གའི་ཞིང་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ང་ཚོར་དཀོན་པ་ནི་ལག་རྩལ་དང་མ་དངུལ་ཡིན་པས། ང་ཚོས་ཀྲུང་གོའི་རྣམ་གྲངས་ལ་དགའ་བསུ་ཞུ་གི་ཡིན་ཞེས་བཤད། ཀྲང་ཅིང་ཞང་གིས་རྣམ་གྲངས་ལག་ལེན་བསྟར་བ་ལས། ནེ་པ་ལས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་མང་དུ་གཏོང་བར་ཕན་ཐོགས་ཡོད། གལ་ཏེ་གཞི་ཁྱོན་ཆེ་རུ་ཕྱིན་ན། ལོ་གཅིག་ལ་གཟན་རྩྭ་ཏུན་ཁྲི་30ཕྱིར་གཏོང་ཐུབ་ནས་ཨ་སྒོར་ཁྲི་4300ཙམ་རག་སྲིད་ཅེས་བཤད།