འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་17ཉིན།

༄༅༎ཕྱི་རྒྱལ་སྐད་ཡིག་དྲུག་གི་དཔར་མའི་4Kཐད་གཏོང་གློག་བརྙན《2019ལོའི་དམག་གཟིཌ་ཆེ་མོ》
ཞེས་པ་གོ་ལ་ཧྲིལ་པོར་པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་13ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ལྟེ་གནས་དང་། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས(CGTN)ཀྲུང་དབྱང་བརྙན་འཕྲིན་འཕྲིན་ལམ་བཅས་ཀྱིས་མཉམ་དུ་བཏོན་པའི་ཕྱི་རྒྱལ་སྐད་ཡིག་དྲུག་གི་དཔར་མའི་4Kཐད་གཏོང་གློག་བརྙན《2019ལོའི་དམག་གཟིགས་ཆེ་མོ》ཞེས་པ་དངོས་སུ་འགྲེམས་སྤེལ་བྱས་ཤིང་། སྐད་རིགས་མང་པོའི་དཔར་མའི་རྒྱལ་སྟོན་མཛད་སྒོའི་ཐད་གཏོང་གློག་བརྙན་ནང་དབྱིན་སྐད་དང་། ཨུ་རུ་སུའི་སྐད། ཧྥ་རན་སིའི་སྐད། སེ་ཕེན་གྱི་སྐད། ཨ་རབ་ཀྱི་སྐད། ཕོར་ཐིའུ་ཀལ་གྱི་སྐད་བཅས་སྐད་ཡིག་དྲུག་ཚུད་ཡོད་པ་དང་། གོ་ལ་ཧྲིལ་པོའི་མི་འབོར་དུང་ཕྱུར་30ལྷག་ཙམ་ལ་ཁྱབ་རྒྱུ་རེད།