འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་17ཉིན།

༄༅༎འཛམ་གླིང་གི་རྩེར་སོན་ཁེ་ལས་500ཡི་ནང་ཚུད་པའི་ཁེ་ལས་135རྒྱལ་སྒྲོལ་ཀུང་སིའི་འགོ་ཁྲིད་མི་སྣའི་
ཆིང་ཏའོ་དབུ་ཚོགས་ལ་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་17ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཆིང་ཏའོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་རྒྱལ་སྒྲོལ་ཀུང་སིའི་འགོ་ཁྲིད་མི་སྣའི་ཆིང་ཏའོ་དབུ་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར། དབུ་ཚོགས་དེ་ཚེས་19ཉིན་དངོས་སུ་འགོ་འཛུགས་རྒྱུ་ཡིན་པ་དང་སྐབས་དེ་དུས་འཛམ་གླིང་གི་རྩེར་སོན་ཁེ་ལས་500ཡི་ནང་ཚུད་པའི་ཁེ་ལས་135དེའི་ནང་ཞུགས་རྒྱུ་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། དབུ་ཚོགས་ཀྱི་བྱེད་སྒོ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་། མིག་སྔར་འདྲ་མཉམ་གླེང་སྟེགས་དང་། གཙོ་གནད་ཐོན་ལས་ཀྱི་འགྲེམས་སྟོན། གྲོང་ཁྱེར་གྱི་འགྲེམས་སྟོན་སོགས་ཚུད་པའི་བྱེད་སྒོ་38བཀོད་སྒྲིག་བྱ་རྩིས་ཡོད་པ་མ་ཟད། ད་དུང《རྒྱལ་སྒྲོལ་ཀུང་སིས་ལོ་40ཡི་རིང་ཀྲུང་གོར་མ་འཇོག་བྱས་པའི་སྙན་ཞུ》ཡང་ཁྱབ་བསྒྲགས་བྱ་རྒྱུ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གླེང་སྟེགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པ་དང་ཚོང་དོན་པུའུ་དང་ཧྲན་ཏུང་ཞིང་ཆེན་གྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། སྐབས་དེ་དུས་འཛམ་གླིང་གི་རྩེར་སོན་ཁེ་ལས་500ཡི་ནང་ཚུད་པའི་ཕྱི་རྒྱལ་གྱི་ཁེ་ལས་115དང་རང་རྒྱལ་གྱི་ཁེ་ལས་20དང་དེ་བཞིན་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་197དེའི་ནང་ཞུགས་རྒྱུ་དང་སྐུ་མགྲོན་གྱི་མི་གྲངས་ཀྱང་500ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད།