འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་16ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་245ཅང་ཤིས་སུ་འཛོམས་ནས“དབུལ་སྒྲོལ་འགག་
སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས”ཀྱི་ཆེད་དོན་སློབ་སྦྱོང་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་16ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་དུས་ཐེངས་10པའི་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་ཚེས་11ནས་14ཉིན་བར་ཅང་ཤིས་ཀན་ཀྲོའུ་རུ་གཉེར་བ་རེད། བདམས་ཐོན་ཚན་པ་29ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་245ཡིས“དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས”ལ་དམིགས་ནས་ཆེད་དོན་སློབ་སྦྱོང་བྱས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སློབ་སྦྱོང་འཛིན་གྲྭ་ནི་འདི་ལོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས“དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས”ཀྱི་ཆེད་དོན་ལ་དམིགས་ནས་གཉེར་བའི་དུས་ཐེངས་གཉིས་པའི་སློབ་སྦྱོང་འཛིན་གྲྭ་ཞིག་ཡིན་པ་དང་། དུས་ཐེངས་དང་པོའི་སློབ་སྦྱོང་འཛིན་གྲྭ་ཟླ་9པར་ཀུའེ་ཀྲོའུ་ཙུན་དབྱི་རུ་གཉེར་བ་རེད། དུས་ཐེངས་གཉིས་ཀྱི་སློབ་སྦྱོང་འཛིན་གྲྭར་ཁྱོན་འཐུས་མི་501ཞུགས་ཡོད་པ་རེད། སློབ་སྦྱོང་བྱས་པ་བརྒྱུད། འཐུས་མི་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ལས་དོན་འཕེལ་རིམ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་ནས་འཐུས་མིའི་འགན་སྒྲུབ་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།