འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་16ཉིན།

༄༅།།སྐེ་དར་དམར་པོའི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པའི་རུ་མི་ཡག་པོ་བྱེད།

—— ས་གནས་ཁག་གི་ལོ་ཆུང་གདོང་ལེན་རུ་ཁག་གིས་རུ་ཁག་བཙུགས་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་16ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཕུང་།
    ཟླ་10ཚེས་13ཉིན་ནི་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཉིན་མོ་རེད། ཉིན་ཤས་བསྟུད་མར་ས་གནས་ཁག་གི་ལོ་ཆུང་གདོང་ལེན་རུ་ཁག་གིས“སྐེ་དར་དམར་པོའི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པའི་རུ་མི་ཡག་པོ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་རུ་ཁག་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ཕྲུ་གུ་ཚོས“སྤོ་བོ་ཞི་ཅིན་ཕིང་ལགས་ཀྱི་བཀའ་སློབ་སེམས་ལ་བརྟན་པོར་ངེས”ཞེས་པའི་རྒྱལ་དར་འོག་གི་གཏམ་བཤད་དང་། ང་དང་སྐེ་དར་དམར་པོའི་གཏམ་རྒྱུད་མཉམ་སྤྱོད་འདུ་ཚོགས། ལོ་ཆུང་གདོང་ལེན་རུ་ཁག་གི་གཞི་རྩའི་ཤེས་བྱ་དང་མཚོན་རྟགས་གུས་ལུགས་ཀྱི་སློབ་གསོ། ངས་ཀྲུང་གོ་གསར་པར་གླུ་ཞིག་འབུལ་བའི་མཛད་སྒོ་བཅས་སྤེལ་བ་བརྒྱུད་སྐེ་དར་དམར་པོའི་སེམས་པ་ཏང་ལ་ཕྱོགས་པའི་བློ་སྟོབས་དང་སེམས་གཏམ་མཚོན་པར་བྱས་པ་རེད།
    པེ་ཅིང་དང་། ཧོ་ནན། ཧུའུ་པེ་སོགས་སུ་ལོ་ཆུང་གདོང་ལེན་རུ་ཁག་གིས་གསར་བརྗེའི་ལོ་རྒྱུས་ལ་དྲན་གསོ་ཞུ་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲིར་མྱོང་ལེན་བྱེད་པ། གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱས་པ་རེད།
     པེ་ཅིང་ཨན་ཝའེ་སན་ཐེའོ་སློབ་ཆུང་དང་། ཏ་ཤིང་ཆུས་སློབ་ཆུང་ལྔ་པ། ཧེ་ཀྲེ་མཱ་ཧུའུ་ཐུང་སློབ་ཆུང་བཅས་ཀྱི་ལག་ལེན་དང་མྱོང་རོལ། མཉམ་སྤྱོད་བཅས་བྱེད། ཕྲུ་གུ་ཚོས་རང་ཉིད་ཀྱིས་རྒྱུས་མངའ་ཡོད་པའི་སྤོ་བོ་ཞི་ཅིན་ཕིང་ལགས་ཀྱི་གཏམ་རྒྱུད་སྐོར་སློབ་སྦྱོང་དང་སྤེལ་རེས་བྱས་པ་དང་། ཀྲོའུ་ཅིན་གྱི་གསར་བརྗེའི་ལོ་རྒྱུས་དང་ཡན་ཝ་ཙེ་སོགས་སྔོན་གཤེགས་དཔའ་བོ་ཞི་བཅུ་ཞེ་གཉིས་ཀྱི་མཛད་རྗེས་ཤོད་པ། ཆུ་དཔོན་ཆུང་ཆུང་དང་གསར་བརྗེའི་གསལ་འགྲེལ་པ་ཆུང་ཆུང་ཞིག་བྱེད་པ་དང་སྐེ་དར་དམར་པོའི་འཁྲབ་སྟོན་ནང་ཞུགས་པའི་མྱོང་ཚོར་བཅས་སྤེལ་རེས་དང་མཉམ་སྤྱོད་བྱས་པ་རེད།
     ཧོ་ནན་ཤིན་རྫོང་གི་ཧུའུ་པེ་དང་། ཧོ་ནན། ཨན་ཧུའེ་བཅས་སུའུ་ཝེ་ཨེད་ས་ཁུལ་གྱི་གསེར་བརྗེའི་རྟེན་གཞིར་རུ་མི་ཚོས་དཔའ་བོའི་ཐང་ཆེན་དུ་བསྐྱོད་ནས་རུ་ཁག་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས་པ་དང་། གསར་བརྗེའི་གསལ་འགྲེལ་པ་ཆུང་ཆུང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་ཝུའུ་ཧོན་ཤན་གྱི་དམག་འཐབ་གཏམ་རྒྱུད་བཤད་དེ་རི་བོ་ཏ་པེ་ཡི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན་བྱས་པ་རེད།
     ཧུའུ་པེ་ཝུའུ་ཧན་སློབ་ཆེན་གྱི་ཞོར་གཏོགས་སློབ་ཆུང་དང་པོའི་བརྗོད་དོན་གཙོ་བོའི་རུ་ཁག་ཚོགས་འདུའི་ཐོག ཀྲུང་གོ་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་ཁག་དང་པོའི་གྲས་ཡིན་པའི་ལོ་82ལ་སླེབས་པའི་ཏང་ཡོན་རྒན་གྲས་དང་རྒན་ཡོལ་ཞུས་པའི་དགེ་རྒན་ཝུའེ་ཞུས་ཝུའུ་ཡིས་ཕྲུ་གུ་ཚོར་རང་ཉིད་རུ་ཁག་ནང་ཞུགས་སྐབས་ཀྱི་བརྗེད་པར་དཀའ་བའི་ལོ་ཟླ་གླེང་བ་རེད།
     ཀུའེ་ཀྲོའུ་དང་། ཧོ་པེ། སི་ཁྲོན་སོགས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གིས་བྱེད་སྒོ་སྤེལ་རིང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་གི་འཕོ་འགྱུར་ཆེན་པོ་བརྗོད་ནས་རླབས་ཆེན་མེས་རྒྱལ་ལ་བསྟོད་གླུ་ཕུལ་བ་རེད།
     ཀོང་ཏུང་དུ་ཀོང་ཀྲོའུ་ཡི་མཆོད་རྟེན་དང་། ཧའེ་དབྱིན་ཟམ་པ། ལེ་ཏེ་ཟམ་ཆེན། ཧའེ་ཀྲུའུ་ཟམ་པ་སོགས་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་སྟེང་དཔལ་འབར་ཁྲ་ཆེམ་ཆེམ་དུ་འཕྲོ་ཞིང་། “ཁམས་བཟང་། སྐེ་དར་དམར་པོ”དང་། “སྐེ་དར་དམར་པོ་དང་མེས་རྒྱལ་མཉམ་དུ་འཚར་ལོངས་བྱེད” “སྐེ་དར་དམར་པོའི་སེམས་པ་ཏང་ལ་ཕྱོགས”བཅས་བཀྲག་མདངས་འཚེར་བའི་ཡིག་འབྲུ་དག་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་སྐྱེས་སྐར་ཉིན་མོར་རྟེན་འབྲེལ་ཞུ་བ་དང་གཉིས་སུ་མ་མཆིས།