འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་16ཉིན།

༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་
ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་16ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་དོ་དམ་ཅན་ལ་སྐུལ་འདེད་གཏོང་ཆེད། 2019ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་225བཀོད་སྒྲིག་བྱས་པ་དེ་2018ལོ་ལས་སྒོར་དུང་ཕྱུར་17མང་དུ་ཕྱིན་ཡོད། མིག་སྔའི་བར་འབྲེལ་ཡོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཡོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་དང་། དྲན་གསོ་ཁང་། མཛེས་རྩལ་ཁང་། སྤྱི་པའི་དཔེ་མཛོད་ཁང་། རིག་གནས་ཁང(ས་ཚིགས)སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་ཁྲི་5ལྷག་ཙམ་རིན་མེད་ངང་སྤྱི་ཚོགས་ལ་སྒོ་འབྱེད་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ་དང་། སྤྱི་པའི་གྲངས་གཞི་དང་རིག་གནས་འཛུགས་སྐྱོང་དང་། སྐོར་སྐྱོད་གར་སྟེགས་རླངས་འཁོར། རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ(རྣམ་གྲངས) རླུང་འཕྲིན་དང་བརྙན་འཕྲིན་དུད་ཚང་ཀུན་ཁྱབ་སོགས་གཙོ་གནད་རྣམ་གྲངས་ལག་བསྟར་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་མཛུབ་སྟོན་གྱི་ཚད་གཞི་དང་ས་གནས་ཀྱི་ལག་བསྟར་ཚད་གཞི་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་གཞི་རྩའི་སྤྱི་པའི་རིག་གནས་དང་ལུས་རྩལ་གྱི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རིང་། ས་ཁུལ་དབུལ་པོའི་རིག་གནས་བྱ་གཞག་འཛུགས་སྐྱོང་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱས་ཏེ། ཆེད་མངགས་མ་དངུལ་སྒོར་དུང་ཕྱུར་16.9བཀོད་སྒྲིག་བྱས་ནས། ས་ཁུལ་དབུལ་པོའི་ཟློས་གར་གྲོང་གསེབ་དང་གྲོང་ཚོའི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་སུ་འཁྲབ་པ་དང་། ཤིན་ཏུ་དབུལ་བའི་རྫོང་གི་འཕྲལ་སྡོམ་རླུང་འཕྲིན་མ་ལག་གི་སྒྲིག་ཆས་ཉོ་སྒྲུབ་སོགས་ལ་སྤྱོད་རྒྱུ་ཡིན་པ་རེད། ད་དུང་ཀྲུང་དབྱང་ནོར་སྲིད་ཀྱིས་མཐའ་མཚམས་དང་ཐག་རིང་གི་ས་ཁུལ་དབུལ་པོ་དང་། མཐའ་མཚམས་མི་རིགས་ས་ཁུལ། གསར་བརྗེའི་ཁུལ་རྙིང་བཅས་ལ་རྒྱབ་སྐྱོར་བྱས་ནས། རིག་གནས་ལས་དོན་པ་ཁྲི་1.9ཙམ་འདེམས་མངགས་དང་གསོ་སྐྱོང་བྱས་ཏེ་གཞི་རིམ་གྱི་རིག་གནས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་གང་མགྱོགས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།