འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་16ཉིན།

༄༅།།རང་རྒྱལ་གྱི་ཐད་གཏོགས་འགག་སྒོ་15མཉམ་ལས་བྱས་ནས་ནུབ་རྒྱུད་ཀྱི་སྐམ་མཚོའི་ལམ་བུ་གསར་པ་
བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་16ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་ཁྲུང་ཆིང་འགག་སྒོ་དང་། ནན་ཉིང་འགག་སྒོ ཀུའེ་དབྱང་འགག་སྒོ ལན་ཀྲོའུ་འགག་སྒོ་སོགས་ཐད་གཏོགས་འགག་སྒོ་15ཡིས་ཁྲུང་ཆིང་དུ《ས་ཁོངས་འགག་སྒོས“ནུབ་རྒྱུད་ཀྱི་སྐམ་མཚོའི་ལམ་བུ་གསར་པ་བསྐྲུན་རྒྱུར”རྒྱབ་སྐྱོར་བྱེད་པའི་མཉམ་ལས་དྲན་ཐོར》མིང་རྟགས་བཀོད་དེ། འགག་སྒོ་སྒྲོལ་བའི་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལམ་རྒྱུད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་གྱི་རྣམ་པ་འཐུས་ཚང་དུ་གཏོང་བ་སོགས་ཐད་ནས་ནུབ་རྒྱུད་ཀྱི་སྐམ་མཚོའི་ལམ་བུ་གསར་པ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།
    “ད་ཐེངས་མཉམ་ལས་དྲན་ཐོར་མིང་རྟགས་འགོད་པའི་དམིགས་ཡུལ་ནི་ས་ཁོངས་འགག་སྒོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འགག་སྒོ་སྒྲོལ་བའི་ས་ཁུལ་གྱི་འགག་སྒྲོལ་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ་དང་། ནུས་ཆེ་དང་སྟབས་བདེའི་འགག་སྒྲོལ་ཁོར་ཡུག་གཏོད་པ། ནུབ་རྒྱུད་ཀྱི་སྐམ་མཚོའི་ལམ་བུ་གསར་པ་བསྐྲུན་རྒྱུར་རྒྱབ་སྐྱོར་བཅས་བྱ་ཆེད་ཡིན”ཞེས་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་སྤྱི་ཁྱབ་ཞིབ་དཔྱད་ཆེ་མོ་བ་སུན་ཝུན་ཁང་གིས་བཤད་པ་རེད།