འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅།།གཙང་གསུམ་ཆུ་འགོ་ནས་ཏ་མཱ་ཅན་སླར་ཡང་མཐོང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་15ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གཙང་གསུམ་ཆུ་འགོ་ནས་ཏ་མཱ་ཅན་སླར་ཡང་མཐོང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན། 2019ལོའི་ཟླ་4པར། གཙང་གསུམ་ཆུ་འགོའི་ལྟེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཁོངས་ནས་ཏ་མཱ་ཅན་མཐོང་རྗེས། ཉེ་ཆར་སླར་ཡང་དངོས་རིགས་དེ་ཡུལ་དེ་ནས་མཐོང་བ་རེད།
   “མིག་སྔར་ཐེངས་གཉིས་མཐོང་བའི་ཏ་མཱ་ཅན་དེ་དེ་སྔོན་མཐོང་བ་དེ་ཡིན་མིན་ཐག་བཅད་དཀའ་ཞིང་། མ་ཟད་མཚོ་བོད་ས་མཐོ་དང་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་ཏ་མཱ་ཅན་གནས་སྤོ་བྱེད་སའི་ཁྱབ་ཁོངས་མིན།”ཞེས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ལན་ཤིན་མིང་གིས་ངོ་སྤྲོད་བྱས་པ་རེད།
    ཏ་མཱ་ཅན་ནི་2012ལོར་《འཛམ་གླིང་རང་བྱུང་སྲུང་སྐྱོང་མཉམ་འབྲེལ》(IUCN)ནང་དུ་བཅུག་པའི་མིང་ཐོ་དམར་པོར་བཀོད་པའི་སྟོངས་ལ་ཉེ་བའི་དངོས་རིགས་ཤིག་ཡིན་པ་དང་། ཟས་གཙོ་བོ་ཉ་དང་། ཤ་སྨི། སྦལ་པ། སྡིག་སྲིན། ཆུ་སྐྱེས་འབུ་སྲིན་སོགས་ཡིན། 2017ལོར་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་《ཀྲུང་གོའི་བྱ་རིགས་རིགས་དབྱེ་དང་ཁྱབ་ཚུལ་གྱི་མིང་ཐོ། (དཔར་ངོས་གསུམ་པ)》ནང་འཁོད་དོན།  དངོས་རིགས་དེ་བོད་ལྗོངས་དང་མཚོ་སྔོན་དུ་ཁྱབ་པའི་ཟིན་ཐོ་མེད་ཅེས་བཀོད་ཡོད།
    གཏན་ཁེལ་ཡིན་པ་ཞིག་ལ། ཉེ་བའི་ལོ་ངོ་20ཡི་རིང་། གཙང་གསུམ་ཆུ་འགོའི་གནམ་གཤིས་དྲོ་རུ་ཕྱིན་པ་མངོན་གསལ་ཆེ་ཞིང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཇེ་མང་དུ་འགྲོ་བཞིན་ཡོད།  འདི་ནི་སྐྱེས་ཁམས་རིམ་བཞིན་ལེགས་སུ་འགྲོ་བཞིན་པའི་རྟགས་མཚན་གྱི་གྲས་ཤིག་རེད།”ཅེས་ལན་ཤིན་མིང་གིས་བརྗོད་པ་རེད།
 མིག་སྔར།  ཏ་མཱ་ཅན་དེ་ས་གནས་དེ་གའི་སྲོག་ཆགས་སྲུང་སྐྱོང་ལས་དོན་མི་སྣས་རང་བྱུང་ཁམས་སུ་གློད་ཡོད་པ་རེད། 
༄༅།།གཙང་གསུམ་ཆུ་འགོ་ནས་ཏ་མཱ་ཅན་སླར་ཡང་མཐོང་བ།