འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་15ཉིན།

༄༅༎བོད་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་གདོང་ལེན་རུ་ཁག་ཉིན་མོའི་བྱེད་སྒོ་སྤེལ་ནས་ལོ་ཆུང་གདོང་ལེན་རུ་ཁག་
བཙུགས་ཏེ་ལོ་ངོ་70འཁོར་བར་བསུ་བ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་15ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོ་གསར་འགྱུར་དྲ་བ་ལྷ་ས་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན《ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་གླུ》མཉམ་དུ་བཏང་ནས། “ང་དང་ལོ་ཆུང་གདོང་ལེན་རུ་མིའི་གཏམ་རྒྱུད”མཉམ་དུ་སྤྱད་པ་དང་། རལ་པ་འཁྲབ་པ། རང་རྒྱལ་གྱི་གནའ་བོའི་རིག་གནས་དང་། རྐང་རྩེད་སྤོ་ལོ་སོགས“གདོང་ལེན་རུ་མིའི་སློབ་ཚན”འཚོགས་ནས། བོད་རང་སྐྱོང་ལྗོངས་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་གདོང་ལེན་རུ་ཁག་ཉིན་མོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་སྤེལ་བ་རེད།
     གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལོ་ཆུང་གདོང་ལེན་པུའི་པུའུ་ཀྲང་གཞོན་པ་བདེ་སྐྱིད་ཀྱིས། ཚེས་13ཉིན་ནི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་ཉིན་མོ་རེད། བརྗོད་དོན་གཙོ་བོའི་གདོང་ལེན་རུ་ཁག་ཉིན་མོའི་བྱེད་སྒོ་དང་སློབ་གྲྭའི་རྒྱུན་གཏན་གྱི་ལག་ལེན་སློབ་ཚན་ཟུང་འབྲེལ་བྱས་ཏེ། ལོ་ཆུང་གདོང་ལེན་རུ་ཁག་གི་མཛད་སྒོར་བརྟེན་ནས་སློབ་གསོ་བཏང་བ་བརྒྱུད། ལོ་ཆུང་བྱིས་པ་ཚོས་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲིའི་བསམ་པ་སྔར་བས་སྐྱེད་སྲིང་བྱས་ཏེ། ཁོ་ཚོའི་མཐོང་རྒྱ་དང་འཇོན་ཐང་ཆེ་རུ་བཏང་ནས་མེས་རྒྱལ་ལ་དགའ་ཞེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཤད།
     ཀྲུང་གོ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ་70འཁོར་བར། སློབ་གྲྭས་ད་དུང་ཕ་མ་དང་ཕྲུ་གུ་མཉམ་དུ་གྱེར་འདོན་དང“ང་དང་རྒྱལ་དར་མཉམ་དུ་པར་ལེན”སོགས་བྱེད་སྒོ་སྤེལ་བར། སློབ་མའི་ཞུགས་སེམས་ཆེན་པོ་ཡོད་པས། ཁོ་ཚོས་མེས་རྒྱལ་དང་ལོ་ཆུང་གདོང་ལེན་རུ་ཁག་ལ་དགའ་ཞེན་ཆེན་པོ་བྱེད་པ་མཚོན་ཡོད། སླད་ཕྱིན་འབྲེལ་ཡོད་བྱེད་སྒོ་འདི་རིགས་སྔར་རྒྱུན་བཞིན་སྤེལ་བ་མ་ཟད། ད་དུང་ནང་སའི་སློབ་གྲྭ་དང་སྤེལ་རེས་འགྲོ་འོང་ལ་ཤུགས་རྒྱག་རྒྱུ་ཡིན་པ་རེད།