འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་15ཉིན།

༄༅།།ཉིའུ་གཡོད་ཀྱི་བཙན་རྒྱལ་ཐོག་ཆེན་གྱི་ཐོག་སོ་102པའི་ལྗོངས་གཟིགས་སྒང་བཟོ་བཅོས་
བྱས་རྗེས་སྒོ་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་15ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཕྱི་རྒྱལ་གྱི་གློག་འཕྲིན་གཞིར་བཟུང་། བཟོ་བཅོས་བྱེད་དགོས་རྐྱེན་སྒོ་བརྒྱབ་པའི་ཨ་རིའི་ཉིའུ་གཡོད་ཀྱི་བཙན་རྒྱལ་ཐོག་ཆེན་གྱི་ཐོག་སོ་102པའི་ལྗོངས་གཟིགས་སྒང་བསྐྱར་དུ་སྒོ་ཕྱེ་བ་རེད། བཟོ་བཅོས་བྱས་རྗེས་ཀྱི་ཐོག་སོ་102པའི་ལྗོངས་གཟིགས་སྒང་དུ་ཏུའུ་360ཡི་ཤེལ་སྒྲོམ་བརྒྱུད་ལྟ་སྐོར་བས་ཕྱི་ངོས་ཀྱི་ཡུལ་ལྗོངས་ཧྲིལ་པོ་མཐོང་ཞིང་། འདི་ནི་ཨ་རིའི་ཉིའུ་གཡོད་ཀྱི་བཙན་རྒྱལ་ཐོག་ཆེན་གྱི་ཐོག་སོ་102པའི་ལྗོངས་གཟིགས་སྒང་ནས་པར་བླངས་པའི་ཉིའུ་གཡོད་གྲོང་ཁྱེར་གྱི་མཛེས་ལྗོངས་ཡིན་པ།