མི་དམངས་དྲ་བ།

༄༅༎དངོས་མཚོན་གློག་བརྙན《ཞི་ཅིན་ཕིང་གི་རྒྱལ་སྐྱོང་མཛད་ཇུས》གསེར་ཤིང་རྒྱལ་སྤྱིའི་དངོས་མཚོན་གློག་བརྙན་
དུས་ཆེན་སྐབས་བཞི་པའི་ཐོག་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་14ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྥ་ལན་ཁེ་ཕུའུ་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་དགོང་མོ་དངོས་མཚོན་གློག་བརྙན《ཞི་ཅིན་ཕིང་གི་རྒྱལ་སྐྱོང་མཛད་ཇུས》འཇར་མན་གྱི་ཧྥ་ལན་ཁེ་ཕུའུ་རུ་གཉེར་བའི་གསེར་ཤིང་རྒྱལ་སྤྱིའི་དངོས་མཚོན་གློག་བརྙན་དུས་ཆེན་སྐབས་བཞི་པའི(གསེར་ཤིང་དུས་ཆེན)“ཀྲུང་གོའི་མཚན་མོའི”བྱེད་སྒོའི་ཐོག་བསྟན་པ་རེད། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་བརྙན་འཕྲིན་ལས་ཁུངས་ཀྱི་འཐུས་མི་དང་རྒྱལ་སྤྱིའི་དངོས་མཚོན་གློག་བརྙན་གྱི་རིགས་གཅིག་མཁས་ཅན་སོགས་བྱེད་སྒོར་ཞུགས་པ་དང་སྦྲགས་གློག་བརྙན་དེ་བལྟས་པ་རེད།
     ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཕྱི་ཕྱོགས་ཁྱབ་གདལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཡན་པིན་གྱིས་ས་གནས་ས་ཐོག་ཏུ་སྐུ་མགྲོན་ཚོར་དངོས་མཚོན་གློག་བརྙན་དེའི་ནང་གསོན་ཉམས་ལྡན་པའི་གཏམ་རྒྱུད་རབ་དང་རིམ་པ་བརྒྱུད་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལག་ལེན་དང་གྲུབ་འབྲས་ཆ་ལག་ཚང་བའི་ངང་མངོན་པར་བྱས་ཡོད། “ང་ཚོས་དངོས་མཚོན་གློག་བརྙན་དེ་བརྒྱུད་ཕྱི་རྒྱལ་གྱི་ལྟད་མོ་བས་ཀྲུང་གོའི་འགོ་ཁྲིད་མི་སྣའི་རྒྱལ་སྐྱོང་མཛད་ཇུས་དང་དེ་བཞིན་ཀྲུང་གོའི་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱེད་པའི་ངོ་མཚར་ཆེ་བའི་གཏམ་རྒྱུད་མཉམ་སྤྱོད་ཐུབ་རྒྱུའི་རེ་བ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
     གློག་བརྙན་བལྟས་ཟིན་རྗེས་གསེར་ཤིང་དུས་ཆེན་གྱི་དབུ་བཞུགས་བློ་འདྲི་བ་ཁ་ན་ཏའི་གློག་བརྙན་བཟོ་མཁན་ཁའེ་སི་ལིང·ཧྥེ་ཚེ་ཅེ་ལ་ཏེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དངོས་མཚོན་གློག་བརྙན་དེས་ཁ་གསལ་ལ་གསོན་ཉམས་ལྡན་པའི་མི་ཆོས་རིག་གནས་ཀྱི་ཟུར་ཚད་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་རྒྱས་བཤད་བྱས་ཏེ་མི་རྣམས་ལ་བག་ཆགས་ཧ་ཅང་ཟབ་མོ་ཡོང་བ་བྱས་ཡོད། དངོས་མཚོན་གློག་བརྙན་དེ་ལྟ་མཁན་མང་པོ་བྱུང་ནས་དེས་ཚང་མའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་གྲུབ་པའི་ཡིད་ཆེས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

  
style="display:none;"