འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་14ཉིན།

༄༅༎ཀན་སུའུ་མོ་པ་བོད་རིགས་ཤང་གི་གྲོང་ཚོ་ཆུང་ངུའི་འགྱུར་ལྡོག་ཆེན་པོ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་14ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། མོ་པ་བོད་རིགས་ཤང་གིས་གྲོང་གསེབ་དར་རྒྱས་འཐབ་ཇུས་དམ་འཛིན་གཙོ་བོར་བྱས་ཏེ“ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཤང་སྲོལ་ཤེས་དཔལ། བཅོས་སྒྲིག་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་བླང་བྱ་གཞིར་བཟུང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་དམ་པོར་དམིགས་པ་དང་། ནུས་ཤུགས་ཡོད་རྒུས་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཤང་ཡོངས་སུ་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་མི་སྣ་ལས་གྲུབ་པའི་ཁོར་ཡུག་འཕྲོད་བསྟེན་རུ་ཁག་8བཙུགས་པ་རེད།
     “ད་ལྟ་ཁྱིམ་གྱི་སྒོ་རྩར་ལས་ཀ་བྱེད་ཐུབ་པ་དང་། ཡོང་འབབ་མང་དུ་སོང་བ་མ་ཟད། ང་ཚོའི་འཚོ་བའི་ཁོར་ཡུག་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད་པས་ཧ་ཅང་སྐྱིད་པོ་འདུག”འདི་ལོ་ལོ་51ལ་སླེབས་པའི་དུད་ཚང་དབུལ་པོ་དང་སྤྱི་ཕན་རང་བཞིན་ལས་གནས་ཀྱི་ལས་མི་ཀྲའོ་ཅུས་ཚའེ་ཉིན་ལྟར་གྲོང་ཚོའི་ལམ་བུའི་ཐོག་ཡོང་ནས་ལས་གྲོགས་རྣམས་དང་མཉམ་དུ་གཙང་སྦྲ་བྱེད་ཀྱི་ཡོད་པ་དང་། གྲོང་ཚོའི་ནང་གི་ཀྲུའུ་ཡོན་ཙེ་སྡེ་ཁུལ་དང་། མིའོ་ཨར་ཧྲན་སྡེ་ཁུལ། ཧུང་ཡན་ཀའུ་སྡེ་ཁུལ། པའེ་ཙའོ་ཧྲན་སྡེ་ཁུལ་བཅས་ཁག་སོ་སོ་དུད་ཚང་དབུལ་པོ་19ཀྱིས་འགན་གཙང་བླངས་ཡོད་པ་དང་། གླ་ཕོགས་དུད་ཚང་དབུལ་པོའི་སྤྱི་ཕན་ལས་གནས་ཀྱི་མ་དངུལ་ནང་ནས་གཏོང་གི་ཡོད་པ་རེད།
     “དེ་སྔ་གྲོང་མི་ཚོས་ལམ་འགྲམ་དང་། ཡུར་བུ། སྡོད་ཁང་གི་རྒྱབ་མདུན་བཅས་སུ་གད་སྙིགས་གང་འདོད་དུ་དབྱུག་པ་དང་། ཕག་པ་གང་བྱུང་དུ་གློད་པས། གྲོང་ཚོའི་ནང་དྲི་ངན་གྱིས་ཁེངས་ཡོད། ད་ལྟ་ཕག་པ་ཕག་ཚང་ནང་བཅུག་པ་དང་། ཁྱིམ་གྱི་སྒོ་འགྲམ་དུ་གད་སྙིགས་བླུགས་སྒམ་ཡོད་པས། གྲོང་ཚོའི་ནང་གི་གཙང་སྦྲ་ཡག་ཏུ་ཕྱིན་ཡོད། གྲོང་མི་རྣམས“མཛེས་སྡུག་ལྡན་པའི་གྲོང་གསེབ”འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ནས་སྤྱི་ཕན་རང་བཞིན་ལས་གནས་ཀྱི་ལས་མིའི་ནུས་པ་གང་ལེགས་བཏོན་པ་དང་། གྲོང་སྲོལ་དམངས་ཆིངས་ལ་བརྟེན་ཏེ་སློང་རྟེན་གོང་ཆེན་ལེན་པ་དང་། བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་རྒྱས་གཤོམ་སོགས་ཀྱི་གོམས་སྲོལ་ངན་པ་བཀག་འགོག་བྱས་པས་གྲོང་གསེབ་མཛེས་སྡུག་ལྡན་པ་དང་གྲོང་མི་རིམ་བཞིན་ཕྱུག་པོར་གྱུར་ཡོད།