མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་ཁ་སི་ཐེ་ལུའོ་དང་ཁུ་པའི་གསར་དུ་
བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནེར་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་ཁ་སི་ཐེ་ལུའོ་དང་ཁུ་པའི་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནེར་སོ་སོར་གློག་འཕྲིན་བཏང་ནས། ཁུ་པའི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་དམིགས་བསལ་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་ངང་འཚོགས་པ་དང་འབྲེལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད། 
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་འབྲེལ་ཟབ་མོ་ཆགས་ཡོད་ལ། ཀྲུང་གོ་དང་ཁུ་པས་ལྷག་བསམ་ཟོལ་མེད་ངང་ཕན་ཚུན་ཡིད་ཆེས་བྱས་པ་དང་། ལས་དབང་གཅིག་མཐུན་གྱི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་སུ་གྱུར་ཡོད་ཅེས་གསུངས་ཡོད། 
     ཞི་ཅིན་ཕིང་གིས་ངས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཧྲུའུ་ཅི་དང་པོ་ལའོ་ཨར་ཁ་སི་ཐེ་ལུའོ་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཁུ་པའི་མཛའ་མཐུན་གྱི་ལེ་ཚན་གསར་པ་ཐུན་མོང་ཐོག་རྩོམ་འདོད་ཡོད་ལ། ཀྲུའུ་ཞི་ཏི་ཡ་སི་ཁ་ནེར་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་རྒྱས་ཚད་དང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཀྲུང་གོ་དང་ཁུ་པའི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད།

  
style="display:none;"