འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་12ཉིན།

༄༅༎ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིར་2019ལོའི་ནོ་པེལ་ཞི་བདེའི་བྱ་དགའ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་11ཉིན། ནོར་ཝེ་ནོ་པེལ་ཨུ་ཡོན་ལྷན་ཁང་གིས། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིར་ཨེ་ཧ་མའེ་ཏེ་ཨ་ལི་ཡིས་ཞི་བདེ་དང་རྒྱལ་སྤྱིའི་མཉམ་ལས་དོན་གཉེར་ཐད་འབད་བརྩོན་བྱས་པ་དང་། ལྷག་པར་དུ་ཨེ་རི་ཐེ་རི་ཡའི་མཐའ་མཚམས་ཀྱི་གདོང་ཐུག་ཐག་གཅོད་བྱེད་པའི་ཐད་ཀྱི་ཐག་གཅོད་རང་བཞིན་གྱི་བྱ་ཐབས་ལ་གཟེངས་བསྟོད་བྱ་ཆེད། ཁོང་ལ་2019ལོའི་ནོ་པེལ་ཞི་བདེའི་བྱ་དགའ་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
     ནོར་ཝེ་ནོ་པེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེ་ལི་ཐེ་ལའེ་སི་ཨན་ཏེ་སེན་གྱིས་རྒྱལ་སྤྱིའི་སྨྱན་སྦྱོར་ལ་གསལ་བསྒྲགས་ཤིག་བསྒྲགས་པ་རེད། ཁོང་གིས་ཨ་པི་ཡིས་2018ལོའི་ཟླ་4པར་ཙུང་ལིའི་འགན་བཞེས་སྐབས་ཨེ་རི་ཐེ་རི་ཡ་དང་གྲོས་མོལ་སླར་གསོ་བྱེད་འདོད་ཡོད་པ་གསལ་པོར་བསྟན་པ་དང་། རྒྱལ་ཁབ་གཉིས་དབར་དུས་ཡུན་རིང་པོར“མཐུན་ཡང་མི་མཐུན་ལ་འཐབ་ཀྱང་མི་འཐབ་པའི”ཕན་ཚུན་མཁྲེགས་འཛིན་གྱི་རྣམ་པ་མཇུག་བསྒྲིལ་པའི་ཆེད་དུ་ཁོང་གིས་ཨེ་རི་ཐེ་ལི་ཡའི་ཙུང་ཐུང་དབྱི་ས་ཡ་སི་དང་མཉམ་ལས་དམ་ཟབ་བྱས་ནས་མགྱོགས་མྱུར་ངང་ཞི་བདེའི་གྲོས་མཐུན་གྱི་རྩ་དོན་རབ་དང་རིམ་པ་བཟོས་པ་རེད་ཅེས་བརྗོད། 
     ཨེ་ཙེ་ཨོ་ཕི་ཡ་ནང་ཁུལ་དུ་ཨ་པི་ཡིས་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བར་རེ་བ་སྤྲད་པ་རེད། ཁོང་གིས་ཛ་དྲག་གི་རྣམ་པ་ཕྱིར་འཐེན་བྱས་ཤིང་། རུལ་སུངས་ཀྱི་དོགས་གཞི་ཡོད་པའི་དཔོན་རིགས་ཕྱིར་འབུད་བྱས་པ་དང་། བུད་མེད་ཀྱི་ཆབ་སྲིད་གནས་བབ་མཐོ་རུ་བཏང་བ་རེད། དུས་མཚུངས་སུ་ཨ་པི་ཡིས་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་ལ་གཞོལ་བཞིན་ཡོད་པ་རེད། 
     ལའེ་སི་ཨེན་ཏེ་སེན་གྱིས་ནོར་ཝེ་ནོ་པེལ་ཨུ་ཡོན་ལྷན་ཁང་གིས་ཞི་བདེའི་བྱ་དགའ་འདིས་ཨ་པི་ཡིས་ཞི་བདེ་དང་མཐུན་འགྲིག་གི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་རོགས་རམ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།