མི་དམངས་དྲ་བ།

༄༅༎ཧན་ཀྲེང་གིས་པེ་ཅིང་གི་རྒྱལ་ས་མིན་པའི་བྱེད་ནུས་ཁ་འགྲེམས་གཅིག་སྡུད་ཐེག་ནུས་ཁུལ་གྱི་འཕེལ་རྒྱས་ཀྱི་
ངེས་གནས་སྟངས་འཛིན་ཡག་པོ་བྱས་ཏེ་སྤུས་ཚད་དང་ཚད་གཞི་མཐོ་བའི་ངང་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་
གྱི་གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 11:46】  

     ཧན་ཀྲེང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་བརྟག་ཞིབ་དང་འཆར་འགོད་འཛུགས་སྐྲུན་ལས་ཡུལ་དངོས་ཀྱི་ལས་དོན་ཚོགས་འདུ་འཚོག་སྐབས། པེ་ཅིང་གི་རྒྱལ་ས་མིན་པའི་བྱེད་ནུས་ཁ་འགྲེམས་གཅིག་སྡུད་ཐེག་ནུས་ཁུལ་གྱི་འཕེལ་རྒྱས་ཀྱི་ངེས་གནས་སྟངས་འཛིན་ཡག་པོ་བྱས་ཏེ་སྤུས་ཚད་དང་ཚད་གཞི་མཐོ་བའི་ངང་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་གྱི་གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་ཞུང་ཨན་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་བརྟག་ཞིབ་གནང་བ་དང་འབྲེལ་ཞུང་ཨན་ཁུལ་གསར་འཆར་འགོད་འཛུགས་སྐྲུན་ལས་ཡུལ་དངོས་ཀྱི་གཞུང་དོན་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ཞུང་ཨན་ཁུལ་གསར་གྱི་འཆར་འགོད་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ། དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
     ཟླ་10པར་ཞུང་ཨན་ཁུལ་གསར་དུ་སྟོན་གྱི་ཉམས་འགྱུར་ལྡན། པེ་ཅིང་ནས་ཞུང་ཨན་བར་གྱི་གྲོང་སྦྲེལ་ལྕགས་ལམ་གྱི་ཞུང་ཨན་བབས་ཚུགས་སྐྲུན་ཡུལ་དུ་བཟོ་པ་རྣམས་ལས་ལ་བྲེལ་བཞིན་འདུག ཧན་ཀྲེང་ཁུལ་གསར་གྱི་ལྕགས་ལམ་ལྟེ་བའི་འཆར་འགོད་དང་འཛུགས་སྐྲུན་གྱི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་། ཁོང་གིས་ཞུང་ཨན་བབས་ཚུགས་ཀྱི་ཨར་སྐྲུན་འཕེལ་རིམ་གྱི་གནས་ཚུལ་ནན་ཏན་ངང་གསན་ནས་གཞུང་བསྡུ་གནས་སྤོ་དང་བཀོད་སྒྲིག་གི་ལས་དོན་ཁག་གི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། རུང་ཁྲེང་རྫོང་གི་རུང་ནུབ་ཨར་འདམ་བརྫི་ཡུལ་དང་རུང་ཤར་ཡུག་ཁུལ་འཛུགས་སྐྲུན་བྱ་ཡུལ་དུ་ཧན་ཀྲེང་གིས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཞིབ་ཕྲ་གཟིགས་པ་དང་། གྲོང་ཁྱེར་གྱི་གཞུང་ལམ་དང་དེ་བཞིན་ལེ་ལག་ཚང་བའི་ཕྱོགས་བསྡུས་མདོང་དྲའི་ལས་གྲྭ་འཛུགས་སྐྲུན་བྱེད་ཚུལ་ལ་རྟོག་ཞིབ་གནང་བ། ལག་རྩལ་མི་སྣ་དང་ཨར་ལས་མི་སྣར་གཟིགས་པ་རེད། པའེ་དབྱང་ཏན་མཚེའུ་ཡི་སྣོད་བཅུད་ཁོར་ཡུག་སླར་གསོ་དང་སྲུང་སྐྱོང་ནི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་གཙོ་གནད་ལས་འགན་ཞིག་ཡིན་ཞིང་། ཧན་ཀྲེང་ཞུང་རྫོང་ཆུ་ཚན་གྲུ་ཁར་ཕེབས་ནས་པའེ་དབྱང་ཏན་མཚེའུ་ཡི་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་གནས་ཚུལ་གསན་པ་དང་གྲུར་བཞུགས་ནས་ལྟ་ཞིབ་ཚད་ལེན་ཁུལ་དུ་ཕེབས། དེ་རྗེས་ཁོང་གིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མི་སྣ་དང་མཉམ་དུ་པའེ་དབྱང་ཏན་མཚེའུ་ཡི་ཆུ་སྤུས་ཀྱི་འགྱུར་ལྡོག་ལ་གཟིགས་པ་དང་ཉེ་བའི་ལོ་གཅིག་རིང་པའེ་དབྱང་ཏན་མཚེའུ་ཡི་ཆུའི་ཁོར་ཡུག་ལེགས་སུ་གཏོང་བར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
     ཧན་ཀྲེང་གིས་འདི་ལོ་ནི་ཞུང་ཨན་ཁུལ་གསར་འཆར་འགོད་གཙོ་བོ་བྱེད་པ་ནས་འཛུགས་སྐྲུན་གཙོ་བོ་བྱེད་པའི་བར་བརྒལ་གྱི་ལོ་ཞིག་རེད། ཁུལ་གསར་འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་ཐུབ་པ་དང་ལས་དོན་བདེ་བླག་ངང་སྤེལ་ཐུབ་པར་ཁས་ལེན་གང་ལེགས་བྱེད་འོས་པ་ཞིག་རེད། གོམ་སྟབས་རྗེས་མར་ཐོག་མའི་བསམ་འདུན་མ་བརྗེད་པ་དང་ཐོག་མའི་བསམ་འདུན་ལ་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་པེ་ཅིང་གི་རྒྱལ་ས་མིན་པའི་བྱེད་ནུས་ཁ་འགྲེམས་གཅིག་སྡུད་ཐེག་ནུས་ཁུལ་གྱི་འཕེལ་རྒྱས་ངེས་གནས་སྟངས་འཛིན་ཡག་པོ་བྱེད་པ་དང་ཅིང་ཅིན་ཅི་མཉམ་དུ་འཕེལ་རྒྱས་འགྲོ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས། ནུས་པ་དེ་བས་ཆེ་བའི་རྒྱབ་སྐྱོར་སྲིད་ཇུས་འདོན་པ་དང་ལག་བསྟར་བྱས་ནས་སློབ་གསོ་དང་འཕྲོད་བསྟེན་སོགས་སྤུས་ལེགས་ཐོན་ཁུངས་ཁུལ་གསར་དུ་ཁྱབ་རྒྱུའི་ཁྲིད་སྟོན་བྱེད་དགོས། མཁྲེགས་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག་གྲོང་ཁྱེར་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་སྣང་ཆེན་བྱེད་པ་དང་གྲོང་ཁྱེར་གྱི་ནང་གནས་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

  
style="display:none;"