འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་12ཉིན།

༄༅༎“ཀྲུང་གོ་ནི་རྒྱལ་སྤྱིའི་མཉམ་ལས་དང་ཕྱོགས་མང་རིང་ལུགས་ཀྱི་སྲོག་ཤིང་རེད”

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ● ཀུ་ཐེ་ལེ་སིས།
     ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་མཁན་གྱི་སྣེ་ཁྲིད་པ་ཞིག་རེད།
     ● ཨ་ཆི་མུའུ·ཧྲི་ཐའེ་ནཱ་ཡིས།
     དྭངས་གཙང་ནུས་རྒྱུར་མ་རྩ་མཉམ་འདྲེས་བྱེད་པའི་ཐད་ཀྲུང་གོ་གོ་ལ་ཧྲིལ་པོའི་གྲལ་འགོར་སླེབས་ཡོད། 
     ● ཧེང་ལི་ཨའེ་ཐ·ཕུའར་གྱིས།
     འདས་ཟིན་པའི་ལོ་ངོ་40ཡི་རིང་། ང་ཚོ་དང་ཀྲུང་གོས་བྱིས་པའི་འཚོ་བཅུད་དང་། སློབ་གསོ། འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོར་མཉམ་ལས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་བྱིས་པ་དེ་བས་མང་བར་བདེ་ཐང་དང་སྤྲོ་སྣང་སྦྱིན་ཡོད།
     ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚམས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ལ་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་ཀྱང་གནང་བ་རེད།
     “ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་མཁན་གྱི་སྣེ་ཁྲིད་པ་ཞིག་རེད”ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་དབུལ་པོ་ཉུང་གཏོང་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཁ་བཤད་ལག་བསྟར་བྱས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་30%ཡན་རྒྱུན་འཁྱོངས་བྱས་པ། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་ལེགས་སྐྱེས་འབུལ་ཚད་70%ལྷག་ཙམ་ཟིན་པ་བཅས་ནི་བསྔགས་བརྗོད་བྱེད་རིན་ཡོད་པ་ཞིག་རེད་ཅེས་བརྗོད།
     འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོར་བཅའ་སྡོད་འཐུས་ཚབ་ཁྲུའུ་བཙུགས་ནས་ལོ་ངོ་40འཁོར་བའི་ལོ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའི་ཧྲུའུ་ཀྲང་ཨ་ཆི་མུའུ·ཧྲི་ཐའེ་ནཱ་ཡིས། ལོ་ངོ་40ཡི་རིང་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡིས་ཁྱབ་ཁོངས་མང་པོར་མཉམ་ལས་བྱས་ནས། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་འཕུར་བ་ལྟར་གོང་འཕེལ་འགྲོ་རྒྱུར་རམ་འདེགས་བྱས་པ་མ་ཟད། འཛམ་གླིང་འཕེལ་རྒྱས་གཏོང་ཆེད་ཀྲུང་གོའི་ཉམས་མྱོང་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བརྗོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་གཞི་ཧྲུའི་ལག་བསྟར་ཀྲུའུ་རེན་གྱི་འགན་འཁུར་མྱོང་ཡོད་པའི་ཧྲི་ཐའེ་ནཱ་ཡིས། རང་ཉིད་ཨ་ཧྥེ་རི་ཁར་ལོ་10འཚོ་བ་སྐྱེལ་མྱོང་ཡོད། དེའི་རིང་ཀྲུང་གོས་ཨ་ཧྥེ་རི་ཁར་མ་འཇོག་བྱས་ཏེ་ཉི་འོད་ནུས་པ་དང་རླུང་ནུས་སོགས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གསར་སྤེལ་བྱས་པ་མཐོང་བྱུང་། “དྭངས་གཙང་ནུས་རྒྱུར་མ་རྩ་མཉམ་འདྲེས་བྱེད་པའི་ཐད། ཀྲུང་གོ་གོ་ལ་ཧྲིལ་པོའི་གྲལ་འགོར་སླེབས་ཡོད། ལྗང་མདོག་ཐཱན་ཉུང་རིགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུ་ཡིན་པའི་ཡིད་ཆེས་ཡོད”ཅེས་དམིགས་སུ་བཀར་ནས་བརྗོད།
     མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་ཧེང་ལི་ཨའེ་ཐ·ཕུའར་གྱིས། “འདས་ཟིན་པའི་ལོ་ངོ་40ཡི་རིང་། ང་ཚོ་དང་ཀྲུང་གོས་བྱིས་པའི་འཚོ་བཅུད་དང་། སློབ་གསོ། འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོར་མཉམ་ལས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་བྱིས་པ་དེ་བས་མང་བར་བདེ་ཐང་དང་སྤྲོ་སྣང་སྦྱིན་ཡོད”ཅེས་བརྗོད།
     མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཨུ་རུ་སུའི་སྐུ་ཚབ་ཝ་ཞི་ལི·ཉེ་པན་ཅཱ་ཡིས། ཀྲུང་གོས་དུས་ཡུན་རིང་པོའི་ནང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཡོད་ཅེས་བརྗོད།
     ལོ་ངོ་70ཡི་རིང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་ཞིག་ཡིན་ཞིང་། “ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན་ཞིག་རེད་ལ། ཚོགས་དངུལ་རྒྱལ་ཁབ་དང་ཞི་བདེ་སྲུང་སྐྱོང་གི་དངུལ་འཇལ་རྒྱལ་ཁབ་ཆེ་ཤོས་གཉིས་པ་དེ་ཡིན་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་དམག་མི་གཏོང་མཁན་རྒྱལ་ཁབ་གལ་ཆེན་ཞིག་ཀྱང་རེད”མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་མཁན་དང་དྲུང་ཆེ་གཞོན་པ་ཕི་ཨའར·ལ་ཁེ་ལུའུ་ཝ་ཡིས་བརྗོད་པ་དང་། ཁོང་གིས་འཛམ་གླིང་ས་ཕྱོགས་ཁག་ཏུ་དཔའ་ངར་ཆེན་པོས་འབད་འཐབ་བྱེད་མཁན་གྱི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣར་ཐུགས་རྗེ་ཆེ་ཞུས་པ་དང་། “མ་ལི་དང་ཁོང་ཀོ(ཅིན)ཡིན་ནའང་འདྲ། ཡང་ན་ལྷོ་སུའུ་ཏན་དང་ལེ་པ་ནོན་ཡིན་ནའང་འདྲ། གང་ལྟར་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣས་མི་སེར་ལ་སྲུང་སྐྱོང་དང་། བདེ་འཇགས་སྲུང་སྐྱོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དམངས་འཚོ་ལེགས་གཏོང་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད”ཅེས་བརྗོད།